སེར་བྱེས་ཚ་བ་ཁམས་ཚན་དུ་བསླབ་པ་སློབ་གཉེར་གནང་སྟངས་སྐོར་གསུང་བཤད་གནང་བ།

༄༅།། ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༥ ཕྱི་དྲོ་སེར་བྱེས་ཚ་བ་ཁམས་ཚན་དུ་བསླབ་པ་སློབ་གཉེར་གནང་སྟངས་སྐོར་གསུང་བཤད་གནང་སྟེ། དུས་ཚོད་དམ་འཛིན་བྱ་གལ་དང་། སོ་སོས་བྱེད་ན་མཐུན་རྐྱེན་དང་གོ་སྐབས་ཡོད་པ་མ་ཟད། ལས་དང་སྐལ་ལྡན་ཡིན་པ་ངོས་འཛིན་དགོས་པ། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ནང་ཆོས་ཆ་ཚང་བ་བོད་པ་ལ་མ་གཏོགས་མེད་པ།

1801158_758596514193780_7071219376162984613_o

འཛམ་གླིང་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་བྱེད་སྟངས་འདྲ་མིན་སྣ་ཚོགས་ལས་ང་ཚོའི་ལམ་སྲོལ་དེ་ཇི་ཙམ་རྩེ་ཕུད་ཡིན་པ། ཆོས་ལུགས་གཞན་དག་ལས་ཆོས་གཞུང་མང་ཤོས་ཡིན་པ། སྟན་ཐོག་གཅིག་ལ་འདུལ་བ་ཀཱ་རི་ཀཱ་ནས་ཟབ་གསང་གསང་འདུས་བར་ཉམས་ལེན་བྱེད་སྟངས་ཀྱི་སློབ་ཚན་འཆར་གཞི་ཧ་ཅང་བཟང་བ། བསྡུས་གྲྭ་དང་། བློ་རིག རྟགས་རིག་བཅས་ནི་བོད་པས་གསར་གཏོད་དང་བསྡུ་ཆ་ཡིན་པ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་སྦྱོང་གི་ལམ་སྲོལ་དེ་གཙིགས་ཆེར་གཟུང་དགོས་པ། ལུང་དང་རིགས་པ་ཁ་མ་བྲལ་བ་འགྲོ་དགོས་པ། རིགས་པ་དེའང་གཞུང་གནད་ཕིགས་ཆེད་ལས་རྟོག་གེ་མགོ་མཁྲེགས་དང་ང་རྒྱལ་སྐྱེ་བའི་རྒྱུ་རུ་མི་འགྲོ་བ་དགོས་ཚུལ། གཞུང་ཆེན་བཀའ་པོད་ལྔའི་སློབ་སྦྱོང་རྣམས་ལམ་གྱི་རིམ་པའི་ཉམས་ལེན་དུ་བསྒྲིལ་ཐུབ་དགོས་པ་སོགས་རྒྱས་པར་གསུངས་འདུག
10855102_758596544193777_4816306566516494723_o