༈  བླ་མ་ལྔ་བཅུ་པའི་ས་བཅད་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་ལྟར་བཀོད་པ།

༄༅།།  བླ་མ་དང་དབྱེར་མེད་པའི་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།

དེ་ལ་འདིར་བླ་མ་ལྔ་བཅུ་པའི་གཞུང་བཤད་པ་ལ་གསུམ།  བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ།།

དང་པོ་ (བཤད་པ་ལ་འཇུག་པའི་བྱ་བ་) ལ་གཉིས། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའོ།། དང་པོ་ (མཆོད་པར་བརྗོད་པ་) ནི། “དཔལ་ལྡན་རྡོ་རྗེ་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་ བཏུད་བྱས་ཏེ།།“ ཞེས་པའི་བར་གྱིས་བསྟན། གཉིས་པ་ (བརྩམ་པར་དམ་བཅའ་བ་) ནི། “དེ་བསྟེན་པ་ནི་ ་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ མཉན་པར་གྱིས།།“ ཞེས་པའི་བར་གྱིས་བསྟན་ནོ།།

གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གསུམ། བླ་མ་བསྟེན་པའི་ཚུལ། བསྟེན་ཚུལ་བཤད་པའི་དུས། བཤད་ནས་སྣོད་རུང་དུ་ཇི་ལྟར་བྱ་བའོ།། དང་པོ་ (བླ་མ་བསྟེན་པའི་ཚུལ་) ལ་གསུམ། བསྟེན་ཚུལ་སྤྱིར་བསྟན་པ། དེའི་དམིགས་བསལ། བསྟེན་ཚུལ་གྱི་དོན་བསྡུ་བའོ།། དང་པོ་ (བསྟེན་ཚུལ་སྤྱིར་བསྟན་པ་) ལ་གཉིས། དངོས་ཀྱི་དོན། ཞར་བྱུང་གི་དོན་ནོ།། དང་པོ་ (དངོས་ཀྱི་དོན་) ལ་གཉིས། བླ་མ་བསྟེན་ཚུལ་མདོར་བསྟན་པ། རྒྱས་པར་བཤད་པའོ།། དང་པོ་ (བླ་མ་བསྟེན་ཚུལ་མདོར་བསྟན་པ་) ལ་གསུམ། བླ་མ་ལ་གུས་པར་བྱ་བའི་འཐད་པ། གུས་པ་སྒྲུབ་པའི་ཚུལ། གུས་པའི་ཡུལ་དང་རྟེན་བརྟག་པའོ།། དང་པོ་ (བླ་མ་གུས་པར་བྱ་བའི་འཐད་པ་) ནི། “དབང་བསྐུར་མཆོག་ ་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་ མངོན་ཕྱག་འཚལ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (གུས་པ་སྒྲུབ་པའི་ཚུལ་) ལ་གཉིས། བསྙེན་བཀུར་བྱ་བའི་ཚུལ་སྤྱིར་བསྟན་པ། དམིགས་ཀྱིས་བསལ་བའོ།། དང་པོ་ (བསྙེན་བཀུར་བྱ་བའི་ཚུལ་སྤྱིར་བསྟན་པ་ནི། “མཆོག་ཏུ་དད་པས་ ་་་་་་་་་་་་་་ ནས་ ་་་་་་་་་་་་་་ སྤྱི་བོས་ཕྱག་བྱ་འོ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (དམིགས་ཀྱིས་བསལ་བ་) ནི། “ཁྱིམ་པ་ལ་ནི་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་ མིན་ལས་སྤང་།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། གསུམ་པ་ (གུས་པའི་ཡུལ་དང་རྟེན་བརྟག་པ་) ལ་གཉིས། ཕན་ཚུན་བརྟག་དགོས་པའི་རྒྱུ་མཚན། བརྟགས་ནས་སྤང་བླང་བྱ་བའི་ཚུལ་ལོ།། དང་པོ་ (ཕན་ཚུན་བརྟག་དགོས་པའི་རྒྱུ་མཚན་) ནི། “བླ་མ་དང་ནི་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་ བརྟག་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (བརྟགས་ནས་སྤང་བླང་བྱ་བའི་ཚུལ་) ལ་གཉིས། སྤང་བྱའི་མཚན་ཉིད། བསྟེན་བྱའི་མཚན་ཉིད་དོ།། དང་པོ་ (སྤང་བྱའི་མཚན་ཉིད་) ནི། “བློ་ལྡན་སློབ་མས་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ བཅས་པར་མི་བྱའོ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (བསྟེན་བྱའི་མཚན་ཉིད་) ནི། “བརྟན་ཞིང་དུལ་ ་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ དབང་པོ་དུལ།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། གཉིས་པ་བསྟེན་ཚུལ་རྒྱས་པར་བཤད་པ་ལ་གཉིས། མ་གུས་པ་སྤང་བ། གུས་པ་ཇི་ལྟར་སྒྲུབ་པའོ།། དང་པོ་ (མ་གུས་པ་སྤང་བ་) ལ་བཞི། བརྙས་པ་དང་སྨོད་པ་སྤང་བ། ཐུགས་དཀྲུག་པ་སྤང་བ། མ་མཐོང་བའི་ཉེས་དམིགས་བཤད་པ། དེ་དག་གི་དོན་བསྡུ་བའོ།། དང་པོ་ (བརྙས་པ་དང་སྨོད་པ་སྤང་བ་) ལ་གཉིས། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ།། དང་པོ་ (སྤྱིར་བསྟན་པ་) ནི། “དེ་འདྲའི་མགོན་ ་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ སྡུག་བསྔལ་འཐོབ།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (བྱེ་བྲག་ཏུ་བཤད་པ་) ནི། “སློབ་དཔོན་ལ་ནི་ ་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་ དམྱལ་བར་འགྲོ།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། གཉིས་པ་ (ཐུགས་དཀྲུག་པ་སྤང་བ་) ནི། “ནམ་ཡང་སློབ་དཔོན་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་ འཚོད་པར་འགྱུར།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (མ་མཐོང་བའི་ཉེས་དམིགས་བཤད་པ་) ནི། “མནར་མེད་ལ་སོགས་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་ ཡང་དག་བཤད།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། བཞི་པ་ (དེ་དག་གི་དོན་བསྡུ་བ་) ནི། “དེ་བས་འབད་པ་ ་་་་་་་་་་་་་་ ནས་ ་་་་་་་་་་་་་་་ སྨད་པར་མི་བྱའོ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (གུས་པ་ཇི་ལྟར་བསྒྲུབ་པ་) ལ་བརྒྱད། ཡོན་འབུལ་བ། སངས་རྒྱས་སུ་བལྟ་བ། བཀའ་བསྒྲུབ་པ། བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ། འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ། ལུས་ངག་གིས་བསྙེན་བཀུར་བའི་ཁྱད་པར། ང་རྒྱལ་སྤང་བ། རང་དབང་དུ་མི་འཇུག་པའོ།། དང་པོ་ (ཡོན་འབུལ་བ་) ལ་བཞི། མ་གུས་པའི་དག་བྱེད་དུ་ཡོན་འབུལ་བ། ཡོངས་སུ་བཟུང་བ་ཐམས་ཅད་འབུལ་བའི་ཚུལ། དེ་ལྟར་བྱེད་པའི་འཐད་པ། རྒྱུན་གྱི་དམ་ཚིག་གསུམ་སྲུང་བའི་ཚུལ་ལོ།། དང་པོ་ (མ་གུས་པའི་དག་བྱེད་དུ་ཡོན་འབུལ་བ་) ནི། “བླ་མ་ལ་ནི་ ་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ མི་འགྱུར་རོ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (ཡོངས་སུ་བཟུང་བ་ཐམས་ཅད་འབུལ་བའི་ཚུལ་) ནི། “རང་གི་དམ་ཚིག་ ་་་་་་་་་་་་་་ ནས་ ་་་་་་་་་་་་་ སྨོས་ཅི་དགོས།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (དེ་ལྟར་བྱེད་པའི་འཐད་པ་) ནི། “གང་ཕྱིར་བསྐལ་པ་ ་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་ སྟེར་བར་བྱེད།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། བཞི་པ་ (རྒྱུན་གྱི་དམ་ཚིག་གསུམ་སྲུང་བའི་ཚུལ་) ནི། “རྟག་ཏུ་རང་གི་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་་ མཆོག་ཏུ་འགྱུར།།“ ཞེས་པའི་བར་གྱི་ཤློཀ་གསུམ་གྱིས་བསྟན། གཉིས་པ་ (སངས་རྒྱས་སུ་བལྟ་བ་) ལ་གཉིས། དངོས་ཀྱི་དོན། གྲིབ་མ་སོགས་ལའང་མ་གུས་པ་དགག་པའོ།། དང་པོ་ (དངོས་ཀྱི་དོན་) ནི། “དེ་བས་སློབ་མ་ ་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ མི་བརྟག་གོ།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (གྲིབ་མ་སོགས་ལའང་མ་གུས་པ་དགག་པ་) ནི། “མཆོད་རྟེན་བཤིག་འདྲའི་ ་་་་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ སྨོས་ཅི་དགོས།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (བཀའ་བསྒྲུབ་པ་) ནི། “བློ་གྲོས་ཆེན་པོས་ ་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ འདའ་མི་བྱ།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། བཞི་པ་ (བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ་) ནི། “བླ་མའི་རྫས་ནི་ ་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ རྟག་ཏུ་བསམ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། ལྔ་པ་ (འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ་) ལ་གསུམ། མི་རིགས་པའི་ཀུན་སྤྱོད་དགག་པ། རིགས་པའི་ཀུན་སྤྱོད་བསྟེན་པ། མི་རིགས་པའི་སྤྱོད་ལམ་འགོག་ཚུལ་གཞན་བསྟན་པའོ།། དང་པོ་ (མི་རིགས་པའི་ཀུན་སྤྱོད་དགག་པ་) ལ་གཉིས། མཐོང་བའི་ཉེ་འཁོར་གྱི་བསླབ་བྱ། ཐོས་པའི་ཉེ་འཁོར་གྱི་བསླབ་བྱའོ།། དང་པོ་ (མཐོང་བའི་ཉེ་འཁོར་གྱི་བསླབ་བྱ་) ནི། “མལ་སྟན་འདུག་དང་ ་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ མི་བྱ་ཞིང་།།“ ཞེས་པའི་བར་གྱི་ཤློཀ་ཕྱེད་དང་བཞིས་བསྟན། གཉིས་པ་ (ཐོས་པའི་ཉེ་འཁོར་གྱི་བསླབ་བྱ་) ནི། “གཏམ་གྱི་སྦྱོར་བ་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ མི་བྱ།།“ ཞེས་པའི་བར་གྱི་རྐང་པ་གཉིས་ཀྱིས་བསྟན། གཉིས་པ་ (རིགས་པའི་ཀུན་སྤྱོད་བསྟེན་པ་) ནི། “བཏུད་དེ་སྟན་ལས་ ་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ མདུན་འགྲོ་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (མི་རིགས་པའི་སྤྱོད་ལམ་འགོག་ཚུལ་གཞན་བསྟན་པ་) ནི། “སློབ་དཔོན་གྱིས་མཐོང་ ་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ བགྲང་མི་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། དྲུག་པ་ (ལུས་ངག་གིས་བསྙེན་བཀུར་བའི་ཁྱད་པར་) ལ་གཉིས། ལུས་ཀྱིས་བསྙེན་བཀུར་བའི་ཁྱད་པར་བསྟན་པ། ངག་གིས་བསྙེན་བཀུར་བའི་ཁྱད་པར་བསྟན་པའོ།། དང་པོ་ (ལུས་ཀྱིས་བསྙེན་བཀུར་བའི་ཁྱད་པར་བསྟན་པ་) ནི། “རྐང་བཀྲུ་བ་དང་ ་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ ཅི་བདེར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (ངག་གིས་བསྙེན་བཀུར་བའི་ཁྱད་པར་བསྟན་པ་) ནི། “དེ་ཡི་མཚན་སྨོས་ ་་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ ཚིག་དག་བརྗོད།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། བདུན་པ་ (ང་རྒྱལ་སྤང་བ་) ལ་གསུམ། བསྒོ་བ་ཉན་པ་ལ་ང་རྒྱལ་སྤང་བ། ཆོས་ཉན་པ་སོགས་ལ་ང་རྒྱལ་སྤོང་བ། ཀུན་སྤྱོད་སྤྱི་ལ་ང་རྒྱལ་སྤང་བའོ།། དང་པོ་ (བསྒོ་བ་ཉན་པ་ལ་ང་རྒྱལ་སྤང་བ་) ནི། “བླ་མ་ལ་ནི་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་ བཟླས་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། གཉིས་པ་ (ཆོས་ཉན་པ་ལ་ང་རྒྱལ་སྤོང་བ་) ནི། “མདུན་དུ་དུལ་བར་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ གསོལ་གསུམ་གདབ།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (ཀུན་སྤྱོད་སྤྱི་ལ་ང་རྒྱལ་སྤང་བ་) ནི། “བསྙེན་བཀུར་སྤྱོད་པ་ ་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་ དོར་བར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། བརྒྱད་པ་ (རང་དབང་དུ་མི་འཇུག་པ་) ལ་བཞི། གཞན་གྱི་དོན་ལ་འཇུག་པའི་ཚེ་གནང་བ་ནོད་པ། ཞུགས་པ་ལས་བྱུང་བའི་རྙེད་པ་བསྟབ་པ། བླ་མའི་སྤྱན་སྔར་གཞན་གྱི་བསྙེན་བཀུར་བདག་གིར་མི་བྱ་བ། ལུས་ཀྱི་སྤྱོད་ལམ་ཆེས་གུས་པར་བྱེད་ཚུལ་ལོ།། དང་པོ་ (གཞན་གྱི་དོན་ལ་འཇུག་པའི་ཚེ་གནང་བ་ནོད་པ་) ནི། “རབ་གནས་དཀྱིལ་འཁོར་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ མི་བྱའོ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (ཞུགས་པ་ལས་བྱུང་བའི་རྙེད་པ་བསྟབ་པ་) ནི། “སྤྱན་འབྱེད་སོགས་ལ་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་་ ཅི་བདེར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (བླ་མའི་སྤྱན་སྔར་གཞན་གྱི་བསྙེན་བཀུར་བདག་གིར་མི་བྱ་བ་) ནི། “བླ་མའི་སློབ་མ་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་ བཟློག་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། བཞི་པ་ (ལུས་ཀྱི་སྤྱོད་ལམ་ཆེས་གུས་པར་བྱེད་ཚུལ་) ནི། “སློབ་དཔོན་ལ་ནི་ ་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་ བླང་བར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (ཞར་བྱུང་གི་དོན་) ནི། “དྲན་པ་བརྗེད་མེད་ ་་་་་་་་་་་་་་་ ནས་ ་་་་་་་་་་་་་་བཟློག་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གཉིས་པ་ (དམིགས་ཀྱིས་བསལ་བ་) ནི། “ནད་པས་བླ་མའི་ ་་་་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་་ སྡིག་མི་འགྱུར།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (བསྟེན་ཚུལ་གྱི་དོན་བསྡུ་བ་) ནི། “འདིར་མང་སྨོས་པ་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་ མཉེས་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཉིས་ཀྱིས་བསྟན། གཉིས་པ་ (བསྟེན་ཚུལ་བཤད་པའི་དུས་) ནི། “བསམ་པ་དག་པའི་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་ སྦྱིན་པར་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན། གསུམ་པ་ (བཤད་ནས་སྣོད་རུང་དུ་ཇི་ལྟར་བྱ་བ་) ནི། “དེ་ནས་སྔགས་སོགས་ ་་་་་་་་་་་་་ ནས་ ་་་་་་་་་་་་་་་་་་་་ ཉིད་དུ་བྱ།།“ ཞེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན།

གསུམ་པ་ (བཤད་པ་མཐར་ཕྱི༢༠ན་པའི་བྱ་བ་) ནི། “དེ་ལྟར་བླ་མའི་ ་་་་་་་་་་་་་་་་ ནས་ ་་་་་་་་་་་་་་་་་ རྒྱལ་གྱུར་ཅིག།།“ ཅེས་པའི་བར་གྱི་ཤློཀ་གཅིག་གིས་བསྟན་ནོ།། །།

(དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་གསོལ་བ་བཏབ་དོན་བཞིན་ ༢༠༢༡ ཕྱི་ཟླ་ ༡༠ ཚེས་ ༢༧ ནས་ ༣༠ བར་བླ་མ་ལྔ་བཅུ་པའི་གསུང་ཆོས་བསྩལ་སྐབས་ས་བཅད་འདི་བཟོས་པ་ལགས་སོ།།)