༈ སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་གསུང་བཤད་སོགས་གནང་བ།

༄༅།།  ༢༠༢༠ ཕྱི་ཟླ་ ༢ ཚེས་ ༧ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་ས་ནས་ཕེབས་ཐོན་གྱིས་དིལླཱིར་འབྱོར།  ཉིན་རྒྱབ་ཏུ་རྒྱ་གར་མི་སྣར་མཇལ་སྐབས་བསྩལ། ཚེས་ ༨ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་འབྱོར།

ཚེས་ ༩ ཉིན་སྔ་དྲོ་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་དགེ་རྒན་དང་ལས་བྱེད་སློབ་གཉེར་བ་རྣམས་ལ་༧གོང་ས་མཆོག་གི་གཟིགས་རྒྱང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་དང་དྲི་བ་ཁག་ལ་བཀའ་ལན་གནང་།

ཚེས་ ༡༠ ཉིན་རྒྱབ་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་དཔོན་རྣམ་པར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཐོག་བླང་དོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༡༡ ཉིན་སྔ་དྲོ་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་དང་འབྲེལ་བའི་སློབ་དཔོན་རྣམས་དང་ལྷན་འཛོམས་ཐོག་ལམ་སྟོན་གསུང་བཤད་དང་དྭོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་།

ཕྱི་དྲོ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས། དེ་རྗེས་མཇལ་མཁན་རྣམས་ལ་དུས་ཚོད་བསྩལ་བ་བཅས།