བཀྲས་རབ་གླིང་དབུ་འབྱེད་མཛད་སྒོ་ཐོག་གསུང་བཤད་དང་བཀའ་སློབ་གནང་བ།

༄༅།། ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྔ་དྲོ་བཀྲས་རབ་གླིང་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཤིང་། སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། གདུང་སྲས་ཛྙཱན་བཇྲ་རིན་པོ་ཆེ་མཆོག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག Tarab Ling 3དེ་སྔ་ཨུཏྟརཱ་ཁཎྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཏོ་ལི་ཡཱ་མཆོག བཀྲས་རབ་གླིང་གི་ལས་སྣེ་ཁག ཕྱི་རྒྱལ་ཡུལ་གྲུ་མང་པོ་ནས་ཕེབས་པའི་སློབ་དཔོན་དང་མཁས་དབང་རྣམ་པ། ས་ཁུལ་དེའི་བོད་པ་དང་རྒྱ་གར་བ་གནད་ཡོད་སོགས་འདུ་འཛོམས་ཆེ་ཙམ་འདུག
Tarab Ling 1ཐོག་མར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་བཀྲས་རབ་གླིང་དབུ་འབྱེད་གནང་བ་དང་། དངོས་གཞིའི་མཛད་སྒོའི་སྐབས་མར་མེ་ཞལ་དབྱེ་གྲུབ་མཚམས། རིམ་བཞིན་བཀྲས་རབ་གླིང་གི་འགན་འཛིན་ལི་ན་ལགས་ནས་བཀྲས་རབ་གླིང་འཛུགས་སྐྲུན་གྱི་དགོས་དམིགས་སོགས་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀྲས་རབ་རིན་པོ་ཆེ་དམ་པ་དེ་དང་འབྲེལ་བ་ཇི་ལྟར་ཡོད་སྐོར་དང་། Tarab Ling 2ལྷག་པར་དུ་ཁོང་ལ་བཀྲས་རབ་གླིང་འཛུགས་སྐྲུན་གྱི་འཆར་སྣང་ཇི་ལྟར་ཡོད་ཚུལ་སོགས། སྐུ་མགྲོན་གཙོ་བོ་དཔལ་གོང་མ་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ། སྐུ་ཞབས་ཏོ་ལི་ཡཱ་མཆོག་ནས་བཀྲས་རབ་གླིང་གི་ཕན་ཐོགས་ཇི་ཡོང་བཅས་གསུང་བཤད་གནང་མཐར། དེ་མོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ་མཛད་སྒོ་གྲུབ།
ཕྱི་དྲོ་རྟེན་འབྲེལ་ཐོག་གི་ཚོགས་ཆེན་དུ་ཐོག་མར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་“རྟེན་འབྲེལ་གྱི་ལྟ་གྲུབ་ནི་ནང་པའི་ལྟ་གྲུབ་ཐམས་ཅད་ཀྱི་གཞི་རྟེན་ཡིན་སྐོར་”ཐོག་གསུང་བཤད་དང་། དེ་ནས་བཀྲས་རབ་གླིང་གི་འགན་འཛིན་ལྕམ་ལི་ན་དང་། དངོས་ཁམས་རིག་པའི་སློབ་དཔོན་མ་ཡི་ཁེལ་ནས་རིམ་བཞིན་གསུང་བཤད་གནང་འདུག