༈ འཚེ་མེད་ཞི་བའི་སྐོར་གསུང་བཤད་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༧ ཚེས་ ༡༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་སར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་ནོར་བུ་གསོལ་མགྲོན་ཁང་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཞིང་།
ཐོག་མར་བསྟི་གནས་ཁང་གི་འགན་འཛིན་སྐལ་བཟང་དོན་གྲུབ་ལགས་ནས་ངོ་སྤྲོད་གསུང་བཤད་དང་། དེ་ནས་རིན་པོ་ཆེས་ “སྤྱི་ཚོགས་ནང་ནང་ཆོས་གཞིར་བྱས་འཚེ་མེད་ཞི་བའི་བརྗོད་གཞི་གང་དང་གང་ལ་ཟབ་སྦྱོང་ཇི་ལྟར་འབུལ་ཚུལ་” སྐོར་ལམ་སྟོན་གསུང་བཤད་བསྩལ་རྗེས། དྲི་བ་དང་དགོངས་འཆར་ཁག་ལ་ལན་འདེབས་དང་གསལ་བཤད་གནད་སྨིན་གནང་མཐར། བསྟི་གནས་ཁང་གི་སློབ་ཁྲིད་དགེ་རྒན་བསྟན་འཛིན་ལྷ་མཛེས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། སྐབས་དེར་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་རྣམས་ཕེབས་འཛོམས་འདུག