བོད་ཡིག་དང་ཨུར་རྡུ་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་དབུ་འབྱེད་གནང་བ།
༄༅།། ༢༠༡༤ ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་དི་ལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ཁང་ (India International Centre) གི་ཚོགས་ཆེན་ཁང་དུ་བོད་ཡིག་དང་ཨུར་རྡུ་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་ཅིང་།