སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨུ་རུ་སུའི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པ།

༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ (Delhi) ནས་མོས་ཁོ་ (Moscow) བརྒྱུད་བུར་ཡ་ཏི་ཡའི་ (Buryatia) རྒྱལ་ས་ཨུ་ལན་ཨུ་དེ་ (Ulan-Ude) ལ་ཕེབས་འབྱོར་གནང་ཞིང་། ཁོང་ནི་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༨ ནས་ཚུགས་རྒྱུའི་ས་ཡི་བི་རི་ཡ་ཡན་ལག་གི་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་སོག་པོ་དང་།
Samdhong Rinpoche 3ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་(Institute for Mongolian, Buddhist and Tibetan Studies of the Siberian Branch of the Russian Academy of Sciences) ཀྱི་གོ་སྒྲིག་འོག་ “འགྱུར་བ་འགྲོ་བཞིན་པའི་འཛམ་གླིང་ནང་ནང་ཆོས་” ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུ་དང་། དེ་མིན་ “ཚན་རིག་དང་ནང་ཆོས་” ཞེས་པའི་གླེང་སྟེགས་སྒོར་མོ་དང་། “དེང་རབས་ཀྱི་འཛམ་གླིང་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་ཁུར་དང་འཕྲིན་ལས་” ཐོག་གསུང་བཤད།

Samdhong Rinpocheསློབ་དཔོན་ཆེན་པོ་རོ་བར་ཊ་ཐར་མན་གྱིས་བརྩམས་པའི་ “ཅིའི་ཕྱིར་ཏཱ་ལའི་བླ་མ་གནད་འགག་ཆགས་སམ།” ཞེས་པའི་དཔེ་དེབ་འདོན་སྤེལ་སྐབས་ “བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར་” ལ་གསུང་བཤད་སོགས་གནང་རྒྱུའི་མཛད་རིམ་མང་དག་ཅིག་ཡོད་པ་རེད།
Samdhong Rinpoche 2མཛད་རིམ་དེ་དག་ནང་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨུ་ལན་ཨུ་དེའི་ (Ulan-Ude) ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་དུ་ “དེང་རབས་ཀྱི་འཛམ་གླིང་ནང་བོད་ཀྱི་ནང་ཆོས་དང་བོད་མིའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱས་པའི་ཀླན་ཀ་ཁག་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨུ་ལན་ཨུ་དེ་ (Ulan-Ude) ལ་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་གྱི་ལྷན་ཚོགས་དང་པོ་ “ནང་ཆོས་དང་། ལྟ་གྲུབ། ཚན་རིག མཚུངས་བསྡུར་སློབ་གཉེར་” གྱི་ཟུང་འབྲེལ་ཚོགས་གཙོ་དང་། དེའི་ཐོག་ཁོང་གིས་ “ནང་པའི་སྒོམ་གྱི་གཞུང་ལུགས་དང་ལག་ལེན་ཐོག་ཚན་རིག་གི་དན་རྟགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
Samdhong Rinpoche༢༠༡༤ ཕྱི་ཟླ་ ༥ ཚེས་ ༣༠ ཉིན་བ་ཡི་ཀལ་ (Baikal) དུ་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ཀྱི་གོ་སྒྲིག་འོག་ “ནུབ་ཕྱོགས་སུ་ནང་ཆོས་” གླེང་སྟེགས་སྒོར་མོ་དང་། དེ་བཞིན་ “ཨུ་རུ་སུ་དང་སོག་པོའི་ནང་ཆོས་སློབ་གཉེར་ཐད་ཉམས་མྱོང་དང་རེ་འདུན་” ཞེས་པའི་གླེང་སྟེགས་སྒོར་མོའི་ཐོག་མཉམ་ཞུགས་གནང་། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༣༡ ཉིན་སྔ་དྲོ་མཚོ་བ་ཡི་ཀལ་ (Lake Baikal) གྱི་འགྲམ་དུ་ཀླུ་མཆོད་ལ་མཉམ་ཞུགས་དང་། ཕྱི་དྲོ་དགེ་བཤེས་འཕྲིན་ལས་ཀྱི་སྒོམ་ཁང་དུ་ཕེབས་ཏེ་སྒྲོལ་ལྗང་ཞེས་པའི་ནང་པའི་ཚོགས་སྡེའི་ཚོགས་མི་རྣམས་དང་ནང་པའི་སྒོམ་གྱི་སྐོར་བཀའ་མོལ་གནང་།

Samdhong Rinpoche in Moscow༢༠༡༤ ཕྱི་ཟླ་ ༦ ཚེས་ ༡ ཉིན་སྔ་དྲོའི་རིང་ཇི་ལྟར་གདན་ཞུས་ལྟར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གྲོང་གསེབ་འགའ་ཞིག་ཏུ་ཡོད་པའི་མཆོད་རྟེན་རྣམས་ཀྱི་མཆོད་མཇལ་དང་། ཨཏ་ས་གཏ་འབྲོག་སྡེར་ཉིན་གུང་གསོལ་ཚིགས་གནང་། ཉིན་རྒྱབ་ཨུ་ལན་ཨུ་དེའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་མཁས་དབང་རོ་བར་ཊ་ཐར་མན་གྱིས་བརྩམས་པའི་ “ཅིའི་ཕྱིར་ཏཱ་ལའི་བླ་མ་གནད་འགག་ཆགས་སམ།” ཞེས་པའི་དཔེ་དེབ་ཨུ་རུ་སུའི་སྐད་དུ་བསྒྱུར་བ་དེ་འདོན་སྤེལ་སྐབས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ “བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར་” ལ་གསུང་བཤད་གནང་འདུག ༢༠༡༤ ཕྱི་ཟླ་ ༦ ཚེས་ ༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཁན་པོ་བླ་མ་ཨི་ཏི་གེ་ལོབ་ཀྱི་སྐུ་གདུང་མཆོད་རྟེན་མཇལ་ཁ་དང་། ཕྱི་དྲོ་ཨུ་ལན་ཨུ་དེའི་ཨུ་རུ་སུའི་ཟློས་གར་འཁྲབ་སྟོན་ཁང་དུ་ “ནང་ཆོས་ཀྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར་” མང་ཚོགས་ལ་གསུང་བཤད་གནང་འདུག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༣ ཉིན་ཨུ་ལན་ཨུ་དེ་ (Ulan-Ude) ནས་མོ་སོ་ཁོ་ (Moscow) དང་། དེ་ནས་ཀལ་མི་ཀི་ཡའི་ (Kalmykia) རྒྱལ་ས་ཨེ་ལི་སི་ཏ་ (Elista) ལ་ཕེབས་འབྱོར་གནང་འདུག
Rinpoche 15༢༠༡༤ ཕྱི་ཟླ་ ༦ ཚེས་ ༤ ཉིན་སྔ་དྲོ་གཙུག་ལག་ཁང་དང་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་ཞུས་པ་དང་། ཕྱི་དྲོ་ཀལ་མི་ཀི་ཡའི་ཕོ་བྲང་དཀར་པོར་ (White House of Kalmykia) ཀལ་མི་ཀི་ཡའི་ལེགས་བྱང་བློན་ཆེན་ལྕམ་ཨ་མུ་ལང་ག་ཨུ་ཅུ་རོ་བ་ (Mrs. Amulanga Uchurova, Kalmyk Minister of Culture) དང་། ཀལ་མི་ཀི་ཡའི་གཙོ་འཛིན་ཨེ་ལེཀ་སེ་ཨོར་ལོབ་ (Mr. Alexey Orlov, Head of Kalmykia Republic) བཅས་སོ་སོར་མཇལ་འཕྲད་དང་། དེ་ནས་གཙུག་ལག་ཁང་གི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་སློབ་ཁྲིད་གནང་བ་བཅས། ༢༠༡༤ ཕྱི་ཟླ་ ༦ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀལ་མིཀ་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་ཞིང་། ཕྱི་དྲོ་གཙུག་ལག་ཁང་གི་དཔེ་མཛོད་ཁང་དུ་གསར་འགོད་ལྷན་ཚོགས་དང་། དེ་བཞིན་གཙུག་ལག་ཁང་གི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་སློབ་ཁྲིད་གནང་བ་བཅས།
Rinpoche 16༢༠༡༤ ཕྱི་ཟླ་ ༦ ཚེས་ ༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྔ་དྲོ་ཨ་མར་ས་ནན་རྒྱལ་ཡོངས་དཔེ་མཛོད་ཁང་ (Amur Sanan National Library) དུ་ས་གནས་ཀྱི་བོད་ཀྱི་གྲོགས་པོའི་ཚོགས་པ་དང་མཇལ་འཕྲད་དང་། དེ་རྗེས་གཙུག་ལག་ཁང་དུ་བཅར་འདྲི་ཞིག་ལ་ལན་འདེབས། ཕྱི་དྲོ་ཀལ་མི་ཀི་ཡའི་རྒྱལ་ས་ཨེ་ལི་སི་ཏ་ (Elista) ནས་གནམ་ཐོག་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ་ (Moscow) ལ་ཕེབས་འབྱོར་གནང་འདུག
༢༠༡༤ ཕྱི་ཟླ་ ༦ ཚེས་ ༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ་ (Moscow) ལ་ ‘སྒོམ་ནི་ནང་འགྱུར་བ་གཏོང་བའི་ཐབས་ལམ་ཞིག་ཡིན་པ། ཆོས་ཕྱོགས་ཀྱི་ཉམས་ལེན་ཟབ་ཏུ་གཏོང་ཐབས་དང་ནོར་འཁྲུལ་སེལ་ཐབས་’ བཅས་ཀྱི་ཐོག་བོད་སྐྱོབ་དགེ་རྩའི་གོ་སྒྲིག་འོག་མང་ཚོགས་སུ་གསུང་བཤད་གནང་འདུག

༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༨ ཉིན་བུར་ཡ་ཏི་ཡའི་རྒྱལ་ས་ཨུ་ལན་ཨུ་དེ་རུ་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ཀྱི་ངེས་སྟོན་པ་སློབ་དཔོན་བོ་རི་སི་བ་ཛ་རོབ་ (Prof. Boris Bazarov, Director, Institute for Mongolian, Buddhist and Tibetan Studies of the Siberian Branch of the Russian Academy of Sciences) ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེར་རིག་པའི་ཆུ་གཏེར་ (Honorary Doctor) གྱི་ཕྱག་འཁྱེར་ཕུལ་ཡོད་པ་རེད།། །།