མང་གཙོའི་ཁྱད་ཆོས་དང་འགན་འཁུར་བཅས་ཀྱི་སྐོར་གསུང་བཤད་གནང་།

ཇི་ལྟར་གོ་སྒྲིག་པ་བོད་ཕྲུག་ཁྱིམ་སྡེ་དང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཞུས་པ་བཞིན། ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་Addressing In Main Temple 0“༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོས་མང་གཙོའི་རང་དབང་དང་། ལྷག་དོན་ ༢༠༡༡ ལོར་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་བས། བོད་མི་སྤྱི་དང་དབུ་ཁྲིད་རྣམས་ནས་འགན་ཁུར་ཇི་བྱས་དང་མ་འོངས་པར་བྱེད་ཕྱོགས་སྐོར་”ལས་བརྩམས་ཏེ། མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་དང་། Addressing In Main Templeཕྱི་གསལ་ནང་གསལ་གལ་ཆེ་ཚུལ། ལྟར་སྣང་དང་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ཁྱད་པར། ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་རིང་ལུགས་ལ་བསྙད་པའི་ལོག་རྟོག་གསུམ་པོར་གསལ་བཤད་གནང་བ་ལས། དང་པོ། འཇིག་རྟེན་འདིར་མང་གཙོའི་རིང་ལུགས་ནུབ་ཕྱོགས་ནས་དར་བ་མིན་པར། རྒྱ་གར་ནས་བྱུང་བ་ཡིན་ཚུལ། གཉིས་པ། མང་གཙོའི་རིང་ལུགས་དེ་དེང་རབས་ཀྱི་རིང་ལུགས་ཤིག་མིན་པར་སྲོལ་རྒྱུན་གྱི་རིང་ལུགས་ཤིག་ཡིན་ཚུལ། གསུམ་པ། ༧གོང་ས་མཆོག་གིས་མང་གཙོའི་རིང་ལུགས་ཕྱག་བསྟར་གནང་བ་དེ་རྒྱ་གར་དུ་འབྱོར་རྗེས་གཞི་ནས་དགོངས་པ་འཁོར་བ་མིན་པར། བོད་དུ་བཞུགས་སྐབས་ནས་ལེགས་བཅོས་ལས་ཁུངས་སོགས་བཙུགས་ཏེ་དགོངས་པ་བཞེས་ཟིན་ཚུལ་བཅས།
Addressing In Main Temple 1མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་རང་དབང་ངམ་གུ་ཡངས། (Liberty) འདྲ་མཉམ། (Equality) མཐུན་བསྒྲིལ་ལམ་སྤུན་ཟླའི་འདུ་ཤེས་ (Fraternity) བཅས་ལ་ནང་པའི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་གནང་ཚུལ། སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་རིང་ལུགས་ཇི་ལྟར་བཟང་ཤོས་ཡིན་ཚུལ། འོས་བསྡུའི་ལས་རིམ་ནང་དྲིལ་བསྒྲགས་དང་སྒེར་གྱི་འགྲོ་གྲོན་གཏོང་མི་ཆོག་པ་བཟོ་ཐུབ་ཚེ་སྤྱི་ཚོགས་ཀྱི་ཆིག་བསྒྲིལ་ལ་ཕན་ཐོགས་ཆེ་ཚུལ་སོགས་གསུངས་རྗེས། དྲི་བ་ཁག་སོ་སོར་ལན་འདེབས་གནད་སྨིན་གནང་།
གསུང་བཤད་འདི་ནི་བོད་ཕྲུག་ཁྱིམ་སྡེ་དང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་ཉིན་གསུམ་རིང་༧གོང་ས་མཆོག་གི་གསུང་ཆོས་གོ་སྒྲིག་ཞུས་པའི་ཞོར་དུ་གནང་བ་ཞིག་རེད་འདུག