དིལླཱིར་སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩི་ཞུ་སར་གསུང་བཤད་གནང་བ།
༄༅།། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་དིལླྰིར་ལ་དྭགས་ཀྱི་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་ཁང་ (Mahabodhi International Meditation Centre, Ladakh) གི་གོ་སྒྲིག་འོག་ “སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩི་” (Mahakaruna Day Celebration) ཞེས་པར་ཕེབས་ཏེ་ཕྱག་རྟགས་བསྩལ་བ་མ་ཟད། སྙིང་རྗེ་དང་། ཚད་མེད་སྙིང་རྗེ། སྙིང་རྗེ་ཆེན་པོ་བཅས་སོགས་ཀྱི་ཐོག་གསུང་བཤད་ཀྱང་གནང་ཞིང་། སྐབས་དེར་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀིརཎ་རི་ཇི་ཇུ་དང་། ཐ་ཡི་ལེན་དང་། ཤྲཱི་ལངྐཱ། སོག་པོ་བཅས་ཀྱི་གཞུང་ཚབ། ཆོས་ཀྱི་དབུ་ཁྲིད། གཙུག་ལག་སློབ་ཁང་གི་རིགས་བདག མཁས་དབང་། ཤེས་ཡོན་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐུ་ཚབ་སོགས་འདུ་འཛོམས་ཆེ་ཙམ་འདུག