༈ རྒྱུད་སྟོད་གྲྭ་ཚང་དུ་གསུང་ཆོས་གནང་བ།

༄༅།།  ཇི་ལྟར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་ ༢༠༡༩ ཕྱི་ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༡༧ བར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་དང་

པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་མྱུར་ལམ་གཉིས་ཀྱི་ཉམས་ཁྲིད་བཤད་པ་བཞི་ལྡན་དང་། སེམས་བསྐྱེད་མཆོད་པ། བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་བཅས་བསྩལ།

ཕྱི་ཟླ་ ༣ ཚེས་ ༡༨ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་ཚེ་དབང་བསྩལ་རྗེས། དཔལ་རྒྱུད་སྟོད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང་།