༈ དིལླཱིར་གསུང་བཤད་གནང་བ།
༄༅།། ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དེཧརཱ་དཱུན་ནང་རྟེན་གཞི་བྱས་པའི་ནབ་དྷནྱ་ (Navdanya) ཞེས་པའི་ཚོགས་པ་གྲགས་ཅན་དེ་དང་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Center) གཉིས་ཟུང་འབྲེལ་གོ་སྒྲིག་འོག
རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཀྱི་དེཤ་མུཁ་ཚོགས་ཁང་ཆེན་མོའི་ནང་བདག་ཉིད་ཆེན་པོ་གཱཾནྡྷཱི་འཁྲུངས་ནས་ལོ་ ༡༥༠ འཁོར་བའི་རྗེས་དྲན་དུ་གཱཾནྡྷཱིའི་ཤུལ་བཞག་ཅེས་པའི་བགྲོ་གླེང་ཚོགས་འདུར་གདན་འདྲེན་ཞུས་པ་ལྟར་ཆེད་ཕེབས་ཀྱིས་དབུ་འབྱེད་གསུང་བཤད་གནང་སྟེ། ད་ལྟའི་དུས་སྐབས་སུ་གཱཾནྡཱིའི་དགོངས་ཚུལ་རྣམས་སྔར་ལྷག་གལ་འགངས་ཆེ་ཚུལ་ཇི་ཙམ་ཡིན་མིན་སོགས་ཀྱི་ཐོག་རྒྱས་པར་གསུངས་ཤིང་། སྐབས་དེར་གསུང་བཤད་གནང་མཁན་གྲགས་ཅན་གྱི་མཁས་པ་མང་པོ་ཕེབས་འདུག