༈ དིལླཱི་དང་། སྦེལ་ཀོབ། སྦེང་ལོར། ཝཱ་རཱ་ཎ་སཱི། རྡོ་རྗེ་གདན། ཅེནྣཨཱི་བཅས་སུ་མཛད་འཕྲིན་བསྐྱངས་པ།
༄༅།། ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་དྷརྨ་ཤཱ་ལཱ་ནས་དིལླཱིར་འབྱོར།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༧ ནས་ ༩ བར་དིལླཱིར་རྟེན་གཞི་བྱས་པའི་གྲྀཧ་ཞེས་པའི་ཁང་བཀོད་བཟོ་རིག་ཚོགས་པའི་གོ་སྒྲིག་འོག་བི་ཀ་ནེར་ཁང་པའི་ (Bikaner House) ཚོགས་ཁང་དུ་ཉིན་གསུམ་རིང་གི་རྒྱལ་སྤྱིའི་ཁང་བཀོད་བཟོ་རིག་བྱུང་བའི་ཚོགས་ཆེན་ (International Conference on History of Architecture) དུ་ཚོགས་ཞུགས་གནང་བ་མ་ཟད། ཉིན་དང་པོར་སྙིང་དོན་གསུང་བཤད་ (Keynote Address) ཀྱང་བསྩལ་ཅིང་། སྐབས་དེར་རྒྱལ་ཁབ་དུ་མ་ནས་གྲགས་ཅན་ཁང་བཀོད་བཟོ་རིག་པ་ཕེབས་ཡོད་འདུག
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་དིལླཱིར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (International Buddhist Confederation) ཀྱི་ཚོགས་ཆེན་གྱི་ཚོགས་འདུར་(General Assembly Meeting) བཅར་ཏེ་གསུང་བཤད་གནང་འདུག
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་སྔ་དྲོ་དིལླཱི་ནས་སྦེང་ལོར་བརྒྱུད་ཕྱི་དྲོ་སྦེལ་ཀོབ་གཞིས་ཆགས་ཀྱི་སེར་བྱེས་ལྭ་བ་ཁང་ཚན་དུ་འབྱོར།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་མི་སྣ་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་སྔ་དྲོ་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དབུ་འབྱེད་བསྐྱངས་པ་མ་ཟད། མཛད་སྒོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་བོད་ནས་ཕེབས་པའི་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་ལ་གསུང་བཤད་གནང་། དེ་རྗེས་ན་གཞོན་ནུས་སྤེལ་ལས་གཞིའི་ (Empowering the Vision) ཁོངས་ཟབ་སྦྱོང་དུ་ཕེབས་པའི་བོད་རིགས་ན་གཞོན་རྣམས་ལ་བླང་དོར་གསུང་བཤད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་ཉིན་རྒྱབ་ཏུ་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་གསར་པའི་ནང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བསྩལ། སྔ་དྲོ་མི་སྣ་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་གུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་བསུར་བཅར། ཕྱི་དྲོ་སེར་བྱེས་སློབ་གྲྭར་༧གོང་ས་མཆོག་གིས་བསྩལ་བའི་ཤེས་ཡོན་ལམ་སྟོན་གྱི་དགོངས་དོན་གཙོ་བོ་ཇི་ཡིན་ངོ་སྤྲོད་ཐོག་གསུང་བཤད་གནང་། སྐབས་དེར་དེ་ཁུལ་གྱི་སློབ་གྲྭ་གཞན་གྱི་སློབ་ཕྲུག་ཀྱང་མང་པོ་ཕེབས་འདུག
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་རྒྱབ་སེར་བྱེས་སློབ་གྲྭར་སློབ་ཕྲུག་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་སྔ་དྲོ་སེར་བྱེས་གྲྭ་ཚང་དུ་༧གོང་ས་མཆོག་གི་རྟ་མགྲིན་ཡང་གསང་གི་བཀའ་དབང་ཞུས། ཕྱི་དྲོ་མི་སྣ་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་སྔ་དྲོ་༧གོང་ས་མཆོག་གིས་སེར་སྨད་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་དང་། དེ་བཞིན་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཞུ་བར་བཅར། ཕྱི་དྲོ་མི་སྣ་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་སྔ་དྲོ་བོད་གཞུང་ཤེས་རིག་ལས་ཁུངས་དང་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་དམིགས་བསལ་བཀའ་སློབ་དང་ཟབ་སྦྱོང་གི་ལས་རིམ་ཁོངས་བོད་དགེ་ ༢༥༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གལ་གནད་ཀྱི་སྤྱི་ཡོངས་བྱེད་སྒོའི་སྐོར་ལམ་སྟོན་གསུང་བཤད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་སྔ་དྲོ་བོད་གཞུང་ཤེས་རིག་ལས་ཁུངས་དང་སེར་བྱེས་སློབ་གྲྭའི་གོ་སྒྲིག་འོག་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་དམིགས་བསལ་བཀའ་སློབ་དང་ཟབ་སྦྱོང་གི་ལས་རིམ་ཁོངས་བོད་དགེ་ ༢༥༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་དང་འབྲེལ་སློབ་གྲྭ་ཁག་གི་དྭོགས་འདྲི་ཁག་ལ་གསལ་བཤད་དང་ལན་འདེབས་གནང་། ཕྱི་དྲོ་སྦེལ་ཀོབ་སེར་བྱེས་ལྭ་བ་ཁང་ཚན་ནས་ཕེབས་ཐོན་གྱིས་སྦེང་ལོར་གྱི་གྲོང་ཁྱེར་ཉེ་འགྲམ་དུ་ཆགས་པའི་རྒྱ་གར་ཀྲྀཥྞམཱུརྟིའི་ཐེབས་རྩ་ཁང་ (Krishnamurti Foundation of India) དུ་འབྱོར།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱ་གར་ཀྲྀཥྞམཱུརྟིའི་ཐེབས་རྩ་ཁང་ (Krishnamurti Foundation of India) དུ་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་སྔ་དྲོ་སྦེང་ལོར་ཀྲྀཥྞམཱུརྟིའི་ཐེབས་རྩ་ཁང་ནས་ཕེབས་ཐོན་གྱིས་དིལླཱིའི་བརྒྱུད་ཕྱི་དྲོ་རྡོ་རྗེ་གདན་དུ་འབྱོར།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་རྒྱབ་མཇལ་མི་རྣམས་ལ་དུས་ཚོད་བསྩལ། ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བླ་མ་མཆོད་པའི་ཚོགས་འབུལ་གྱི་དབུ་བཞུགས་གནང་ཞིང་། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་འདུ་འཛོམས་འདུག
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་ད་ལྟའི་དུས་སྐབས་སུ་དགོངས་པ་བཞེས་ཕྱོགས་ཐོག་ལམ་སྟོན་གསུང་བཤད་གནང་།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༨ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱི་དགོངས་འཆར་ཁག་ལ་བཀའ་ལན་མདོར་བསྡུས་རེ་དང་། དེ་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཆེ་བ་ལས་བརྩམས་ཏེ་གསུང་བཤད་གནང་འགོ་བརྩམས།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༩ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་མུ་མཐུད་དེ། རྡོ་རྗེ་གདན་གྱི་གནས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པའི་དབར་གྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཞིང་། ཕྱི་དྲོ་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༣༠ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་མུ་མཐུད་དེ། གནས་མཆོག་རྡོ་རྗེ་གདན་གྱི་སྐོར་བོད་པའི་འགྲེལ་བརྗོད་དང་དེང་རབས་གནའ་རྫས་རྟོག་ཞིབ་པའི་འགྲེལ་བརྗོད་བཅས་ཀྱི་ཐོག་གསུང་བཤད་གནང་ཞིང་། ཕྱི་དྲོ་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་སྔ་དྲོ་མཇལ་མི་རྣམས་ལ་དུས་ཚོད་བསྩལ་ཅིང་། ཉིན་རྒྱབ་རྡོར་གདན་ནས་ཐོན་ཏེ་ཕྱི་དྲོ་སཱ་ར་ནཱ་ཐར་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་དུ་འབྱོར།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་བ་མ་ཟད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་ཎ་སློབ་ཟུར་མཐུན་ཚོགས་བཅས་ནས་རིམ་བཞིན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཤིང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྐུ་མགྲོན་གཙོ་བོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་པ་མ་ཟད། བླང་དོར་བཀའ་སློབ་ཀྱང་བསྩལ། ཉིན་རྒྱབ་སློབ་ཟུར་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ། ཕྱི་དྲོ་པཎ་ཆེན་བསོད་ནམས་གྲགས་པའི་དགོངས་རྫོགས་ཉིན་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ཀྱི་མཆོད་རྟེན་གྱི་དྲུང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བླ་མ་མཆོད་པའི་ཚོགས་འབུལ་གྱི་ཚོགས་མགོན་དུ་ཕེབས་ཤིང་། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་འདུ་འཛོམས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢ སྔ་དྲོ་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏཱི་ཤའི་ཚོགས་ཁང་དུ་ཝཱ་ཎ་སློབ་ཟུར་རྣམས་ལ་འདས་པའི་ལོ་ལྔ་བཅུའི་གཙུག་ལག་སློབ་ཁང་གི་བྱུང་བ་དང་། འབྱུང་འགྱུར་དགོངས་པ་བཞེས་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་དུ་རྒྱལ་ཁབ་བཅུ་གཉིས་ཙམ་ནས་ཕེབས་པའི་སློབ་ཟུར་འདུ་འཛོམས་འདུག ཉིན་རྒྱབ་སློབ་ཟུར་མཇལ་ཞུ་བ་རྣམས་ལ་དུས་ཚོད་བསྩལ། ཕྱི་དྲོ་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སཱ་ར་ནཱ་ཐ་མཆོད་རྟེན་གྱི་དྲུང་དུ་སྤྱིར་འགྲོ་བ་ཐམས་ཅད་དང་། སྒོས་སུ་ཝཱ་ཎ་སློབ་ཟུར་འདས་གསོན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་རྒྱ་ཆེ་གནང་བ་དེའི་ཚོགས་མགོན་དུ་ཕེབས་ཤིང་། སྐབས་དེར་ཝཱ་ཎ་གཙུག་ལག་སློབ་ཁང་གི་དགེ་སློབ་དང་། སློབ་ཟུར་སོགས་མི་འབོར་ཕོན་ཆེ་འདུ་འཛོམས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༣ སྔ་དྲོ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་ནས་ཕེབས་ཐོན་གྱིས་ཉིན་གུང་རྡོ་རྗེ་གདན་དུ་འབྱོར།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༤ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་མུ་མཐུད་དང་། དེ་བཞིན་བདེ་གཤེགས་མཆོད་རྟེན་བརྒྱད་སོགས་ཀྱི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༥ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱ་གར་གྱི་ནང་པ་རྣམས་ལ་བསྩལ་བའི་གསུང་ཆོས་སུ་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༦ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱ་གར་གྱི་ནང་པ་རྣམས་ལ་བསྩལ་བའི་གསུང་ཆོས་སུ་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༧ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱ་གར་གྱི་ནང་པ་རྣམས་ལ་བསྩལ་བའི་གསུང་ཆོས་སུ་བཅར།
ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཞི་བདེ་སློབ་གྲྭའི་ (Boudha Peace School, Nepal) སློབ་མ་རྣམས་ལ་ནང་ཆོས་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་སློབ་གྲྭའི་འགན་འཛིན་དང་། དགེ་རྒན། དེ་བཞིན་སྨན་པ་དང་། དཔོན་རིགས། ཚོང་པ་སོགས་ལས་གྲུབ་པའི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་བརྒལ་བ་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༨ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་སྤྱིར་བརྗོད་གཞི་སྣ་ཚོགས་དང་། བྱེ་བྲག་ཏུ་བློ་སྦྱོང་སྐོར་རྒྱས་པར་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༩ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་ནས་པུ་ཎེར་ཆིབས་ཞལ་བསྒྱུར་སྐབས་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཕེབས་སྐྱེལ་དུ་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་མཆོད་འབུལ་རྒྱ་ཆེ་ཞིག་གོ་སྒྲིག་ཞུས་པ་དེར་བཅར་ཞིང་། སྐབས་དེར་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཆེད་ཕེབས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༡ ཉིན་སྔ་དྲོ་རྡོ་རྗེ་གདན་ནས་རྒྱལ་པོའི་ཁབ་ཏུ་འབྱོར། ཉིན་རྒྱབ་ནཱ་ལནྡཱ་གཙུག་ལག་སློབ་གཉེར་ཁང་ (Nalanda University) གིས་གོ་སྒྲིག་གནང་བའི་དྷརྨ་དྷམྨ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། ཕྱི་དྲོ་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་རྗེས་དྲན་གྱི་གསུང་བཤད་ཀྱང་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་ནཱ་ལནྡཱ་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་ཐོན་གྱིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་དང་མཉམ་ཞུགས་ཀྱིས་བྱ་རྒོད་ཕུང་པོ་རིར་གནས་མཇལ་དང་ཞལ་འདོན་གསུང་གནང་དང་། དེ་བཞིན་རྒྱལ་པོའི་ཁབ་ནང་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་མཇལ་གནང་བ་མ་ཟད། རིན་པོ་ཆེ་མཆོག་གིས་རྒྱལ་པོའི་ཁབ་དང་། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་སྐོར་གསུངས་ཤིང་། ཕྱི་དྲོ་ནཱ་ལནྡཱའི་གནས་མཇལ་དང་ཞལ་འདོན་གསུང་གནང་མཛད་ཅིང་། སྐབས་དེར་རིན་པོ་ཆེ་མཆོག་གིས་ནཱ་ལནྡཱའི་སྐོར་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་། དེ་ནས་མཚན་མོ་རྡོ་རྗེ་གདན་དུ་འབྱོར།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༣ ཉིན་སྔ་དྲོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་ཆོས་རྗེ། གདན་ས་ཁག་གི་མཁན་པོ་སོགས་མཛད་གཙོ་རྣམས་འདུ་འཛོམས་སར་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་མི་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་ཇི་ལྟར་བཀའ་འདྲི་ཞུས་པ་བཞིན་སྐྱེ་བ་སྔ་ཕྱི་སྒྲུབ་པའི་དེང་དུས་དང་མཐུན་པའི་རིགས་རྩལ་ལམ་ཐབས་ལམ་ཇི་ཡོད་དང་། ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར་དང་དགག་བྱ་ངོས་འཛིན་ཐ་སྙད་ཚད་གྲུབ་བཅས་ཀྱི་སྐོར་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པ་དང་འབྲེལ་ཚུལ། ཆབ་སྲིད་དང་མ་འབྲེལ་བའི་སྒོ་ནས་སྤྲུལ་སྐུ་ཞིག་གིས་སྤྱི་ཚོགས་ཞབས་འདེགས་དང་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་མིན་སོགས་ཀྱི་ཐོག་གསུང་བཤད་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་སུ་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༥ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་སུ་བཅར། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་ཇི་ལྟར་བཀའ་འདྲི་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆབ་སྲིད་དང་མ་འབྲེལ་བའི་སྒོ་ནས་སྤྲུལ་སྐུ་ཞིག་གིས་སྤྱི་ཚོགས་ཞབས་འདེགས་དང་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་མིན་ཐད་སླར་ཡང་ཞིབ་རྒྱས་གསུངས།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༦ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ་ལ་བཅར། ཉིན་རྒྱབ་དགའ་ལྡན་ཕོ་བྲང་གི་ཚོགས་འདུར་བཅར། དེ་ནས་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་སྤྲུལ་སྐུའི་ལམ་སྲོལ་གྱི་དགོས་མཁོ་ཡོད་མིན་སོགས་བརྗོད་གཞི་སྣ་ཚོགས་ལས་བརྩམས་ཏེ་བཀའ་འདྲི་ཞུས་པ་ཁག་ལ་ལན་འདེབས་རྒྱས་པར་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༧ ཉིན་སྔ་དྲོ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་འོག་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་བཀའ་དྲན་རྗེས་དྲན་སླད་མཆོད་འབུལ་རྒྱ་ཆེ་ཞིག་འབུལ་བར་མཉམ་ཞུགས་གནང་། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཆབ་སྲིད་དང་མ་འབྲེལ་བའི་སྒོ་ནས་སྤྲུལ་སྐུ་ཞིག་གིས་སྤྱི་ཚོགས་ཞབས་འདེགས་དང་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་མིན་ཐད་སླར་ཡང་གསུང་བཤད་ཞིབ་རྒྱས་གནང་བ་མ་ཟད། བཀའ་འདྲི་ཁག་ལ་བཀའ་ལན་རྒྱས་པར་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཇིགས་བྱེད་དབང་ཆེན་གྱི་སྟ་གོན་ཞུས། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྲུལ་སྐུ་རྣམས་ཀྱིས་ཇི་ལྟར་བཀའ་འདྲི་ཞུས་པ་བཞིན་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་མམ་བཞིའི་སྐོར་སོགས་རྒྱས་པར་བཀའ་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༩ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་དངོས་གཞི་ཞུས། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྲུལ་སྐུ་རྣམས་ཀྱིས་ཇི་ལྟར་ཞུས་པ་བཞིན་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་སྒྲིག་གཞི་བཟོ་ཕྱོགས་དང་འབྲེལ་བའི་ཐོག་བགྲོ་གླེང་གོ་བསྡུར་དང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་ཕྱག་དེབ་བཟོ་འགོད་ལ་སྨན་པའི་དགོངས་འཆར་ལྷུག་པོར་བསྩལ་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༠ ཉིན་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༡ ཉིན་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་དངོས་གཞི་ཞུས། ཉིན་རྒྱབ་བོད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཇལ་ཞུ་བ་རྣམས་ལ་དུས་ཚོད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྡེ་ཚན་འགའ་ཞིག་ལ་ཆོས་འབྲེལ་དང་བླང་དོར་གསུང་བཤད་ཀྱང་བསྩལ། དེ་ནས་དགའ་ལྡན་ཕོ་བྲང་གི་ཚོགས་འདུར་བཅར། ཕྱི་དྲོ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རིན་པོ་ཆེ་མཆོག་གིས་ད་ལྟའི་འཛམ་གླིང་དང་བོད་ཀྱི་གནས་སྟངས་དང་། དེ་བཞིན་ནང་ཆོས་ཀྱི་གནས་སྟངས་སོགས་ཀྱི་སྐོར་རྒྱས་པར་གསུངས།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༢ ཉིན་གུང་རྡོ་རྗེ་གདན་ནས་ཕེབས་ཐོན་གྱིས་ཀོལ་ཀ་ཏ་བརྒྱུད་ཕྱི་དྲོ་ཅེནྣཨི་ལ་འབྱོར།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༣ ནས་ ༢༥ བར་བྱམས་སྐྱོང་དགེ་རྩའི་ (Maitrim Poshas Trust) གོ་སྒྲིག་འོག་ཟབ་སྦྱོང་ཞིག་ཏུ་མཉམ་ཞུགས་ཀྱིས་ལམ་སྟོན་གསུང་བཤད་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༦ སྔ་དྲོ་རྒྱ་གར་གྱི་ཀྲྀཥྞམཱུརྟཱི་ཐེབས་རྩ་ཁང་གི་ཤེས་ཡོན་གླེང་སྟེགས་ (Education Forum, Krishnamurti Foundation of India) ཀྱི་གོ་སྒྲིག་འོག་ “ཀྲྀཥྞམཱུརྟཱིའི་ལྟ་ཚུལ་ཐོག་ནས་ཤེས་ཡོན་ནང་སེམས་ཚོར་གྱི་གནས་སྟངས་” (The Place of Emotions in Education from the Krishnamurti perspective) ཐོག་གསུང་བཤད་གནང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༧ དང་ ༢༨ ཉིན་སྔ་དྲོ་ཀྲྀཥྞམཱུརྟཱི་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་བཅར། ཕྱི་དྲོ་པཱཋ་ཤཱ་ལཱ་ཞེས་པའི་སློབ་གྲྭར་གདན་ཞུས་ཀྱིས་གསུང་བཤད་བསྩལ།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༩ སྔ་དྲོ་ཅེནྣཨཱི་ནས་ཕེབས་ཐོན་གྱིས་དིལླཱི་བརྒྱུད་ཉིན་རྒྱབ་དྷརྨ་ཤཱ་ལཱར་འབྱོར་བའི་གནས་ཚུལ་མདོར་བསྡུས་སུ།