༈ དབྱར་གནས་སུ་བཞུགས་པ།

༄༅།། ༢༠༡༨ ཕྱི་ཟླ་ ༧ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༩ བར་ཟླ་བ་གཅིག་དང་ཕྱེད་རིང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགེ་སློང་གཞན་བཞི་དང་ལྷན་དུ་བྱམས་བརྩེ་གསོ་སྐྱོང་ལྟེ་གནས་ཁང་དུ་དབྱར་གནས་སུ་བཞུགས་སྐབས་སྔ་དགོང་ཞལ་འདོན་དང་།

ཕྱི་དྲོ་ཞལ་འདོན་རྗེས་འདུལ་བའི་ཕྱག་ལེན་སྐོར་ལས་འཕྲོས་ཏེ་དྲི་བ་ཁག་ལ་ལན་འདེབས་གནད་སྨིན། ཞལ་ལག་སྐབས་བྱིན་ལེན་གནང་སྟངས་དང་མཆོད་པ་འབུལ་སྟངས། ཉིན་ཞགས་ཕྲུགས་གཅིག་ནང་ཉམས་ལེན་གྱི་རིམ་པ་སོགས་ལམ་སྟོན་ཞིབ་ཚགས་གནང་ཞིང་། དགག་དབྱེ་སྐབས་དགེ་སློང་གཞན་བཞི་དང་ལྷན་དུ་མསརཱུར་ཞེས་པའི་ས་གནས་སུ་ལྷ་ཁང་རྙིང་པ་ཞིག་ཏུ་ལྗོངས་རྒྱུ་གནང་།