༈ ཀིརྟིའི་གྲྭ་ཚང་གི་མཁས་པའི་བགྲོ་གླེང་ཆེན་མོའི་ཐོག་གསུང་བཤད་གནང་བ།

༄༅།།  ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ཀི་རྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་གི་གོ་སྒྲིག་འོག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་ཉིན་གསུམ་རིང་བསྐྱངས་ཤིང་།

ཉིན་དང་པོའི་དབུ་འབྱེད་མཛད་སྒོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་ཆེ་བ་དང་།  དེ་རྗེས་བགྲོ་གླེང་དངོས་གཞི་དབུ་འཛུགས་སུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བགྲོ་གླེང་གི་སྤྱིའི་བརྗོད་གཞི་དང་དམིགས་ཡུལ་ཐོག་ལམ་སྟོན་གསུང་བཤད་གནང་བ་དང་།  སྐབས་དེར་གདན་ས་དང་བཤད་གྲྭ་ཁག་ནས་མཁས་པ་མང་པོ་ཕེབས་འདུག