མི་ཚེ་བདེ་སྐྱིད་ལྡན་པ་དང་དོན་དང་ལྡན་པ་ཡོང་ཐབས།

༄༅། །མི་ཚེ་བདེ་སྐྱིད་ངང་འཚོ་བར་འདོད་ན། དང་པོ། ལུས་ཁམས་བདེ་ཐང་དང༌། གཉིས་པ། སེམས་རྣལ་དུ་གནས་པ། གསུམ་པ། ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པ་གསུམ་འཛོམས་དགོས། དེ་གསུམ་ཡང་ཕན་ཚུན་ལྟོས་གྲུབ་ཡིན་པས་གཅིག་ཡོང་བ་གཞན་གཉིས་ལ་ལྟོས།