སྔོན་གླེང༌། བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་གསར་ཤོག་ཁག་གི་ལམ་སྟོན་པར་འགྲེམས་སྐབས་གནང་བའི་སྔོན་གླེང་

༄༅།། བདག་ཉིད་ཆེན་པོ་གཾའདྷཱིས་གསར་ཤོག་གི་དམིགས་ཡུལ་གཙོ་བོ་མང་ཚོགས་ཀྱི་བསམ་ཚུལ་དང༌། ཚོར་སྣང་གོ་རྟོགས་ཀྱི་སྒོ་ནས་དེ་དག་མངོན་པར་གསལ་བར་བྱེད་རྒྱུ་དང༌། འོས་འཚམས་ཀྱི་གནས་ཚུལ་འགྲེམས་སྤེལ་གྱིས་མང་ཚོགས་ནང་གོ་རྟོགས་དང་ཚོར་སྣང་གསར་པ་བསྐྲུན་རྒྱུ། དེ་བཞིན་མང་ཚོགས་ཀྱི་སྐྱོན་དང་ནོར་འཁྲུལ་རྣམས་འཇིགས་ཞུམ་མེད་པར་མཛུབ་སྟོན་བྱེད་རྒྱུ་དེ་གསུམ་ཡིན་པར་གསུངས་ཡོད།