གལ་ཆེའི་ལམ་སྟོན།

༄༅། །མཚུངས་མེད་སྐུ་ཚབ་དོན་གཅོད་རྣམ་པ་གང་དེར།
ཆེད་འབུལ། ཉེ་ཆར་སི་ཁྲོན་ཞིང་ཆེན་ཁོངས་བོད་རྒྱའི་ས་ཁུལ་མང་པོར་ས་ཡོམ་གྱི་རྐྱེན་པས་གོད་ཆག་ཚབས་ཆེན་བྱུང་བར་བོད་ནང་ཡོད་པའི་བོད་མི་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་སྐྱོར་གྱི་ལས་འགུལ་ཇི་སྙེད་ཅིག་སྤེལ་འདུག་པ་ལྟར། རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་ཞུ་དགོས་གལ་ཆེར་བརྟེན། མཆོད་འབུལ་སྨོན་ལམ་དང་འབྲེལ་རོགས་སྐྱོར་སླད་ཞལ་འདེབས་བསྡུ་རུབ་གནང་གལ་ཆེ་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཉེ་ཆར་ཨ་རིར་བཀའ་སློབ་ཕེབས་དོན་བཞིན་རྒྱ་རིགས་མང་ཚོགས་ཡོད་སའི་ས་གནས་ཁག་མང་ནས་བོད་རྒྱ་མི་རིགས་མཉམ་རུབ་ཀྱིས་ཞལ་འདེབས་བསྡུ་རུབ་གནང་མཁན་བྱུང་འདུག་པ་ལྟར་ཕྱི་རྒྱལ་ཡུལ་གྲུ་གཞན་དག་ཏུ་འཁོད་པའི་བོད་རིགས་ཚོས་ཀྱང་རང་ཉིད་གནས་ཡུལ་སོ་སོར་རྒྱ་རིགས་མི་མང་ཡོད་ན་དེ་ཚོར་འབྲེལ་ལམ་གྱིས་མཉམ་རུབ་ཡོང་ཐབས་གནང་གལ་ཆེ་བ་དང༌། ལས་རིམ་འདིའི་བརྒྱུད་ས་གནས་སོ་སོར་བོད་རྒྱའི་མཛའ་འབྲེལ་ཚོགས་པ་འཛུགས་ཐུབ་མིན་ཞིབ་དཔྱོད་བྱ་དགོས།
༢༽ ད་ལྟའི་རྐྱེན་ངན་ཚབས་ཆེན་འདི་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཉུང་མཐར་ཡང་ཕྱི་ཟླ་ ༥ ཟླ་མཇུག་ཙམ་གྱི་བར་ཡུལ་ལུང་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་བྱ་མཚམས་བཞག་སྟེ་དེའི་གནས་ལུགས་རྒྱུ་མཚན་འགྲེལ་བརྗོད་ཀྱི་ཡི་གེའམ་བརྡ་ལན་གཏོང་ན་དགེ་མཚན་ཆེ་ལུགས་དགོངས་འཆར་གནང་འོས་གནང་གལ་བཅས་དེ་དོན་དགོངས་འཇགས་ཞུ། བཀའ་ཤག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥ ལ།།

ངོ་བཤུས། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང༌།