ཕྱི་ལོ་ ༢༠༡༣ དང་ ༢༠༡༤ ལོའི་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རགས་བསྡུས།
༤༨། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༣༠ ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མོན་གོར་དུ་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་ཟླ་དྲུག་སློབ་སྦྱོང་གི་སློབ་ཕྲུག་རྣམས་ལ་བསླབ་པ་སློབ་གཉེར་གནང་སྟངས་སྐོར་གསུང་བཤད་གནང་།
༤༧། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༥ ཕྱི་དྲོ་སེར་བྱེས་ཚ་བ་ཁམས་ཚན་དུ་བསླབ་པ་སློབ་གཉེར་གནང་སྟངས་སྐོར་གསུང་བཤད་གནང་སྟེ། དུས་ཚོད་དམ་འཛིན་བྱ་གལ་དང་། སོ་སོས་བྱེད་ན་མཐུན་རྐྱེན་དང་གོ་སྐབས་ཡོད་པ་མ་ཟད། ལས་དང་སྐལ་ལྡན་ཡིན་པ་ངོས་འཛིན་དགོས་པ། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ནང་ཆོས་ཆ་ཚང་བ་བོད་པ་ལ་མ་གཏོགས་མེད་པ་སྐོར་སོགས་བཀའ་སློབ་གསུང་བཤད་གནང་།
༤༦། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༡ ཉིན་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སེར་བྱེས་ལྭ་བ་ཁང་ཚན་དུ་བདུན་ཕྲག་གཅིག་ལྷག་ཙམ་རིང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་།
༤༥། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཚོགས་ཐུན་བཞིའི་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དེཧརཱདཱུན་ཉེ་འགྲམ་དུ་གནས་པའི་བཀྲས་རབ་གླིང་དུ་ “ཕར་ཕྱིན་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་” ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་།
༤༤། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་སྔ་དྲོ་མུ་མཐུད་དེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དེཧརཱདཱུན་ཉེ་འགྲམ་དུ་གནས་པའི་ནབ་དྷཱནྱའམ་བཱིཇ་བིདྱཱཔིཋ་ནང་ “གཱཾནྡཱི་དང་གོ་ལ་གཅིག་སྒྱུར་རིང་ལུགས་” ཐོག་གསུང་བཤད་གནང་བ་དང་། དྲི་བར་ལན་འདེབས། དེ་བཞིན་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་བསྩལ།
༤༣། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དེཧརཱདཱུན་ཉེ་འགྲམ་དུ་གནས་པའི་ནབ་དྷཱནྱ་ཞེས་པའི་གྲགས་ཅན་གྱི་སོན་དང་སྐྱེ་ལྡན་སོ་ནམ་ཉམས་ཞིབ་ཁང་དུ་ “གཱཾནྡཱི་དང་གོ་ལ་གཅིག་སྒྱུར་རིང་ལུགས་” ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་།
༤༢། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དེཧརཱདཱུན་ཉེ་འགྲམ་དུ་གནས་པའི་བཀྲས་རབ་གླིང་དབུ་འབྱེད་མཛད་སྒོར་གསུང་བཤད་དང་། ཕྱི་དྲོ་རྟེན་འབྲེལ་ཐོག་གི་ཚོགས་ཆེན་དུ་ “རྟེན་འབྲེལ་གྱི་ལྟ་གྲུབ་ནི་ནང་པའི་ལྟ་གྲུབ་ཐམས་ཅད་ཀྱི་གཞི་རྟེན་ཡིན་སྐོར་” ཐོག་གསུང་བཤད་གནང་།
༤༡། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་མ་སུ་རི་ཉེ་འགྲམ་དུ་ཀེམ་ཊི་ས་གནས་སུ་རྟེན་གཞི་བྱས་པའི་སིདྡྷ་ཚོགས་པའི་ཚོགས་ཁང་དུ་སྐུ་ཞབས་རཱཇན་བེངྐཊེཤ་ལགས་ཀྱིས་བརྩམས་པའི་བོ་དྷ་ཤཱ་ལཱའི་ནང་སློབ་གཉེར་ (Learning at Bodhshala) ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་བ་མ་ཟད། ཤེས་ཡོན་ཐོག་གསུང་བཤད་ཀྱང་གནང་།
༤༠། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ “རྗེ་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་རྗེས་དྲན་གྱི་དགོས་དམིགས་དང་། ཉེ་བའི་འབྱུང་འགྱུར་ནང་ཚོགས་འཆར་གྱི་སྔགས་ཀྱི་མཁས་པའི་བགྲོ་གླེང་དེ་དེང་རབས་དང་མཐུན་པ་ཚད་ལྡན་ཡོང་ཐབས་སྐོར་” གསུང་བཤད་གནང་།
༤༠། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་རམ་ས་ལར་རྟེན་གཞི་བྱས་པའི་གཏོང་ལེན་ཡིད་ཆེས་དགེ་རྩ་ཚོགས་པའི་ལོ་བཅུ་འཁོར་བའི་དགའ་སྟོན་དུ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་དང་སྐབས་དེར་སློབ་མ་ཚོས་མི་ཚེ་དོན་དམ་སྐྱེལ་ཐབས་སྐོར་བཀའ་སློབ་གསུང་བཤད་གནང་།
༣༩། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱི་ཚུལ་དུ་རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་དགའ་སྟོན་དུ་མཉམ་ཞུགས་གནང་བ།
༣༨། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༦ ཉིན་གྱི་ཕྱི་དྲོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས་ཝཱ་རཱ་ཎ་སཱིར་གནས་སྐོར་དུ་ཕེབས་པའི་བོད་མི་བགྲེས་པ་ཁག་ཅིག་ལ་མཇལ་ཁ་གནང་འཚམས་འདྲིའི་བཀའ་མོལ་གནང་།
༣༧། ཕྱི་ལོ་ ༢༠༡༤ ཟླ། ༡༡ ཚེས་ ༦ ཉིན་གྱི་ཞོགས་པར་ཝར་ཎ་མཐོ་སློབ་ཏུ་སློབ་ཟུར་བའི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཁྱོན་སློབ་ཟུར་བ་བརྒྱ་ཕྲག་བརྒལ་བར་གལ་ཆེ་བའི་བཀའ་སློབ་དང་གསུང་བཤད་གནང་།
༣༦། ཕྱི་ལོ་ ༢༠༡༤ ཟླ། ༡༡ ཚེས་ ༥ ཝར་ཎ་མཐོ་སློབ་ཏུ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་། རིན་པོ་ཆེ་མཆོག་གིས་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་།
༣༥། ཕྱི་ལོ་ ༢༠༡༤ ཟླ། ༡༡ ཚེས་ ༥ ཉིན་གྱི་ཞོགས་པར་ཝར་ཎ་དུས་འཁོར་ཐང་དུ་དད་ལྡན་སློབ་ཟུར་རྣམས་དང་། དགེ་སློབ་རྣམས་གཙོས་སེར་སྐྱ་མང་ཚོགས་ ༡༠༠༠ ལྷག་ལ་སྔོན་འགྲོའི་གསུང་ཆོས་དང་སྦྲགས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་བ།
༣༤། ༢༠༡༤ ཟླ་ ༡༠ ཚེས་ ༢༣ ནས་ཟླ་ ༡༠ པའི་ཚེས་ ༢ བར་ཁྱོན་དུས་ཡུན་བདུན་ཕྲག་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་གསོལ་བ་བཏབ་པ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གོར་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།
༣༣། ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གིས་བསྐོང་ཚོགས་གནང་བའི་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༤ ནས་ ༢༧ བར་སེམས་ཙམ་པའི་ལྟ་གྲུབ་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་མཚམས་ཀྱི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཐོག་ནས་གསུང་བཤད་གནང་།
༣༢། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠།༢༡ ཉིན་གཉིས་རིང་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་དིལླཱིར་བསྐོང་ཚོགས་གནང་བའི་ “རྒྱ་གར་གྱི་ནང་དོན་རིག་པའི་སྲོན་རྒྱུན་སྣ་ཚོགས་ཀྱི་ཚོགས་འདུའི་” དབུ་འབྱེད་མཛད་སྒོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་ཐོག་ནས་དགའ་བསུའི་གསུང་བཤད་གནང་བ།
༣༡། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཕྱི་དྲོ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཨ་རིའི་ཊུ་ལན་གཙུག་ལག་སློབ་ཁང་གི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་དགེ་སློབ་རྣམས་ལ་ནང་ཆོས་དང་བོད་ཀྱི་གནད་བབ་ངོ་སྤྲོད་བཅས་གནང་།
༣༠། ༢༠༡༤ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་ཁྱིམ་མེག་གན་ཉིན་སློབ་ཏུ་དབུས་གཙང་ཚོགས་པའི་གོ་སྒྲིག་འོག་ཡིག་གཟུགས་སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས་ཀྱི་“བོད་ཀྱི་གནའ་བོའི་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་”དབུ་འབྱེད་དང་གསུང་བཤད་གནང་།
༢༩། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༣ ཉིན་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་རིན་པོ་ཆེ་མཆོག་གིས་ <<མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་སྐོར་>> ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
༢༨། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༢༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དྭགས་སུ་བྱང་ཆུབ་ཆེན་པོའི་རྒྱལ་སྤྱིའི་སྒོམ་ཁང་གིས་བསྐོང་ཚོགས་གནང་བའི་ ༢༠༡༤ ལ་དྭགས་ནང་པའི་གཅེས་ནོར་གྱི་རྒྱལ་སྤྱིའི་དུས་སྟོན་ཐེངས་གསུམ་པའི་དབུ་འབྱེད་ཚོགས་འདུར་ཚོགས་ཞུགས་གནང་མཛད།
༢༧། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༢༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དོལ་རྒྱལ་ཐོག་གསུང་བཤད་དང་། དྭོགས་འདྲི་དང་དྲི་བ་ཁག་ལ་གསལ་བཤད་དང་ལན་འདེབས་གནང་།
༢༦། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་དོལ་རྒྱལ་སྐོར་གསུང་བཤད་དང་། དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་བཅས་གནང་འདུག
༢༥། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་དང་འཛིན་རིམ་བཅིུག་བཅིུས་ཀྱི་སློབ་ཕྲུག་རྣམས་ལ་དོལ་རྒྱལ་དང་འབྲེལ་བའི་སྐོར་གསལ་བཤད་དང་གསུང་བཤད་གནང་བ་མ་ཟད། དྲི་བ་དང་དྭོགས་འདྲི་ཁག་ལའང་ལན་འདེབས་གནང་འདུག
༢༤། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སློབ་དཔོན་ནག་པོ་མགོན་པོའི་ (Prof. Krishnanath) དགུང་ལོ་བརྒྱད་ཅུ་འཁོར་བའི་འཁྲུངས་ཚེས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་དུ་སྲུང་རྩི་མཛད་སྒོར་ཞུགས་ནས་གསུང་བཤད་གནང་།
༢༣། ཕྱི་ལོི་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༡༢ ནས་སྦིར་གྱི་རི་དྭགས་ནགས་ཀྱི་སློབ་ཁང་དུ་དབུ་ཚུགས་པའི་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུ་བ་རྣམས་ཀྱི་ ‘བློ་སྦྱོང་ངམ་ལྷག་བསམ་རྣམ་དག་’ ཅེས་པའི་ཟབ་སྦྱོང་བགྲོ་གླེང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སེམས་ཀྱི་རང་བཞིན་དང་། སེམས་ཀྱི་འཇུག་པ། ཀུན་སློང་འཁྱེར་ཕྱོགས་སོགས་ལས་འཕྲོས་ཏེ་གསུང་བཤད་གནང་།
༢༢། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཨུ་རུ་སུར་ཚོགས་པའི་<<འགྱུར་བ་འགྲོ་བཞིན་པའི་འཛམ་གླིང་ནང་ནང་ཆོས་>>ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བས་མ་ཚད། གཞན་ཡང་བགྲོ་གླེང་གསུང་བཤད། སློབ་ཁྲིད་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས།
༢༡། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མེ་རཋ་གངྒཱ་ནགར་གྱི་ཨཡི་ཨཡི་ཨེམ་ཀྲི་མཐོ་སློབ་ཚོགས་སྡེའི་ (IIMT Group of Colleges, Ganganagar, Meerut) ནང་ཨཱཡུར་ཉྫཱན་དགེ་རྩའི་འགན་འཛིན་ལྷན་ཚོགས་སུ་ཚོགས་གཙོའི་ངོ་བོར་མཉམ་ཞུགས་གནང་། དེའི་ཚོགས་མིར་རིགས་བདག་དང་། སློབ་དཔོན་ཆེན་མོ། མཁས་དབང་སོགས་མང་པོ་ཡོད་འདུག
༢༠། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་པཋཱན་ཀོཊ་པྲསྠཱན་ཨཱཤྲམ་ (Prasthan Ashram, Pathankot) ཕྱག་བཏབ་པའི་ཉིན་མོའི་མཛད་སྒོར་ཕེབས་ཏེ་བསྟི་གནས་དེའི་ཕྱག་འདེབས་མཁན་ཨཱཅཱརྱ་བིནོབཱ་བྷཱབེ་ (Acharya Vinoba Bhave) མཆོག་གི་རྡོ་སྐུ་ཞིག་གསར་བཞེངས་གནང་བ་དེའི་དབུ་འབྱེད་དང་། མཛད་སྒོར་གསུང་བཤད། དེ་བཞིན་གསར་འགོད་པའི་བཅར་འདྲིར་ལན་འདེབས། བསྟི་གནས་ཀྱི་འགན་འཛིན་ལྷན་ཚོགས་སུ་ཞུགས་པ་བཅས་གནང་འདུག
༡༩། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་ནིའུ་མེཀ་སི་ཀོར་གནས་པའི་སྨན་པ་ཁག་ཅིག་དང་། དགེ་རྒན་སོགས་ཀྱི་སྡེ་ཚན་ཞིག་གིས་ནང་པ་སངས་རྒྱས་པའི་སྒོམ་གྱི་ཀུན་སློང་འཁྱེར་སྟངས་སོགས་ལས་བརྩམས་པའི་དྲི་བ་ཁག་ལ་ཞལ་པར་ཐོག་ནས་ལན་འདེབས་གནང་།
༡༨། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༡༢ ཉིན་རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེར་དབུ་མའི་ལམ་གྱི་ཐོག་བཅར་འདྲིར་ལན་འདེབས་གནང་།
༡༧། ༢༠༡༤ ཟླ་ ༥ ཚེས་ ༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་སྐུ་ཞབས་མ་ཡི་ཁེལ་མེན་ཌི་ཛ་ (གློག་བརྙན་བཟོ་སྐྲུན་པ། རྩོམ་པ་པོ། དཔར་པ། ཇིདྡུ་ཀྲྀཥྞམཱུརྟིའི་སློབ་མ།) དབར་ “ནང་པ་སངས་རྒྱས་པའི་ལྟ་ཚུལ་ངོས་ནས་ཇིདྡུ་ཀྲྀཥྞམཱུརྟིའི་གསུང་ལ་གོ་བ་ལེན་ཕྱོགས་” ཞེས་པའི་ཐོག་བགྲོ་གླེང་གནང་།
༡༦། ༢༠༡༤ ཕྱི་ཟླ་ ༥ ཚེས་ ༡ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དབུ་དགེ་བློ་བཟང་རྒྱ་མཚོ་དྲན་རྟེན་དཔེ་མཛོད་ཁང་དབུ་འབྱེད་དང་རབ་གནས་དང་། མཐོ་རིམ་རིག་གནས་སྐབས་བཅུ་གསུམ་པའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་འཁྱེར་བསྩལ་བའི་མཛད་སྒོར་བཀའ་སློབ་དང་གསུང་བཤད་གནང་།
༡༥། ༢༠༡༤ ཕྱི་ཟླ་ ༤ ཚེས་ ༢༥ ནས་ ༢༩ བར་ (Bir) ཁུལ་ Deer Park Institute ནང་ཕྱི་རྒྱལ་དང་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ཨིན་སྐད་ནང་གསུང་ཆོས་གནང་།
༡༤། ༢༠༡༤ ཟླ་ ༤ ཚེས་ ༡༩ ཉིན་བཞུགས་སྒར་འབའ་པའི་སྐྱིད་སྡུག་གི་བགྲོ་གླེང་གོ་སྒྲིག་ལྟར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ རིན་པོ་ཆེས་<<འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་དགོངས་དོན་>>ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་།
༡༣། ༢༠༡༤ ཕྱི་ཟླ་ ༣ ཚེས་ ༣༠ ཉིན་གསུང་ཆོས་སྐབས་སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་དྲན་གནང་ཟིན་ཡང་། ཁ་སང་ ༢༠༡༤ ཕྱི་ཟླ་ ༤ ཚེས་ ༤ ཉིན་སླར་ཡང་གསུང་ཆོས་གྲུབ་མཚམས་སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྗེས་དྲན་གྱི་གསུང་འཕྲིན་བསྩལ།
༡༢། ༢༠༡༤ ཕྱི་ཟླ་ ༤ ཚེས་ ༢ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་དེང་སྐབས་ Zee TV ནང་སྟོན་བཞིན་པའི་སངས་རྒྱས་ (Buddha) ཞེས་པའི་གློག་བརྙན་དེའི་སྡེ་ཚན་གཉིས་པ་མངོན་པར་རྫོགས་པར་སངས་རྒྱས་རྗེས་ཀྱི་མཛད་རྣམ་འཁྲབ་སྟོན་ཐོག་གདན་ཞུས་ལྟར་རིན་པོ་ཆེས་གསུང་བཤད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་།
༡༡། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་ ༡༠༠༠ ཙམ་ལ་དུས་ཡུན་བདུན་ཕྲག་ ༣ ཙམ་རིང་བཀའ་ཆོས་གནང་།
༡༠། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༧ ཉིན་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་པུ་ནེའི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་གྲངས་ ༧༠ ཙམ་ལ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་<<བོད་བརྒྱུད་ནང་བསྟན་>>སྐོར་གལ་ཆེའི་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།
༩། ༢༠༡༤ ཕྱི་ཟླ་ ༣ ཚེས་ ༢ རྒྱ་གར་ས་གནས་བྷོ་པེལ་ལ་ཚོགས་པའི་<<རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་>>ཞིག་ལ་ཇི་ལྟར་གདན་ཞུས་གནང་བ་ལྟར་ཚོགས་འདུ་མགོ་འཛུགས་མཛད་སྒོར་ཕེབས་པ་དང་དེ་བཞིན་ཕྱི་ཚེས་ ༢ ཉིན་ཚོགས་འདུ་དེའི་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད།
༨། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ ཉིན་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༧༦ ནས་སློབ་གྲྭའི་རེག་ཊར་དང་ངེས་སྟོན་པ། སློབ་སྤྱི། ཆོས་དགེ། དགེ་རྒན་སོགས་ཁྱོན་མི་གྲངས་ ༢༣༢ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཉིན་མཐའ་མར་<<ཤེས་ཡོན་དང་འབྲེལ་བའི་>>གལ་ཆེའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
༧། སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་༦ ནས་ ༧ བར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་<<བཤེས་སྤྲིངས་>>བཀའ་ཁྲིད་བཀྲིན་བསྩལ་གནང་།
༦། སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་ཡོད་པའི་མུམ་བྷེ་རྒྱ་གར་བརྡ་འཕྲིན་འཕྲུལ་ལས་ལྟེ་གནས་ཁང་ལ་<<འཚེ་མེད་ཞི་བ་དང་འདེན་པའི་ཨུ་ཚུགས་>>སྐོར་གསུང་བཤད་གནང་།
༥། སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༡༣ ཟླ་ ༡༢ ཚེས་ ༡༤ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་མིཀ་སེ་ཁོ་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་ཆེ་ཤོས་ཤིག་གི་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་གྲངས་ ༡༧ དང་དགེ་རྒན་ ༤ བཅས་ལས་གྲུབ་པའི་ཚོ་ཁག་ཅིག་ལ་<<ནང་ཆོས་དང་འཚེ་མེད་ཞི་བའི་>>ལྟ་གྲུབ་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་།
༤། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ དང་ ༢༣ དེ་བཞིན་ ༢༧ སོ་སོར་རྡོ་རྗེ་གདན་དང་རྒྱལ་ས་ལྡི་ལི་སོགས་སུ་ཪིན་པོ་ཆེ་མཆོག་གིས་བཀའ་འགྱུར་ཡིག་བསྒྱུར་སྐོར་མཁས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་བ་རེད།
༣། སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་༦ ཉིན་དྷ་སར་མཁའ་ལམ་བརྒྱུད་ལྡི་ལེར་ཕེབས་འབྱོར་དང་དེ་ནས་ཇར་མིན་དང་། སི་པན། སི་ལོ་ཝ་ཀི་ཡ། སུད་སི་བཅས་སུ་ཚོགས་འདུ་དང་། བགྲོ་གླེང་སོགས་སུ་ཞུགས་གནང་མཛད་ཡོད།
༢། སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ པའི་ནང་ཨ་རུལ་ཎ་ཅལ་མངའ་སྡེའི་ནང་ཡོད་པའི་ནང་པའི་དགོན་པ་དང་མི་མང་སོགས་ཀྱིས་གདན་ཞུས་གནང་ལྟར། མངའ་སྡེ་གཞུང་དང་དགོན་པ། མི་མང་། སློབ་གྲྭ་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་མ་ཟད། ཪིན་པོ་ཆེ་མཆོག་ནས་ཆོས་འབྲེལ་དང་བཀའ་སློབ་དེ་བཞིན་སློབ་ཕྲུག་ཚོ་མཉམ་དུ་བགྲོ་གླེང་། མངའ་སྡེ་བློན་ཆེན་ནཱ་བྷོམ་ཏཱ་ཁེ་(Naboom Taki)མཆོག་གཙོས་པའི་གཞུང་འབྲེལ་དཔོན་རིགས་སོགས་དང་མཇལ་འཕྲད་གནང་ཡོད་པ་རེད།
༡། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༥ ཉིན་མེས་དབོན་དཔེ་སྟོན་སློབ་གྲྭས་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་འཁྲུངས་སྐར་རྟེན་མཛད་སྒོ་སྲུང་བརྩི་ཐོག་ཆིབས་བསྒྱུར་བསྐྱངས་ནས་<<ཤེས་ཡོན་སྲིད་ཇུས་>>སྐོར་བཀའ་སློབ་གསུང་བཤད་གནང་།