དབུས་གཙང་ཆོལ་ཁ།

༄༅། །མཆོག་ཏུ་བཀུར་འོས་༸མི་རྗེ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་འདི་ལོ་དགུང་གྲངས་དོན་ལྔ་བཞེས་པའི་དུས་སྟོན་ལ། བདག་ཅག་དབུས་གཙང་རྒྱ་ཆེའི་མང་ཚོགས་ནས་གུས་འཚམས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རིན་པོ་ཆེ་མཆོག་གི་གཞན་དྲིང་མི་འཇོག་པའི་ཆོས་སྲིད་མཁྱེན་མཛངས་རྨད་དུ་བྱུང་བའི་ནུས་སྟོབས་གངས་ཅན་བོད་ཀྱི་བསྟན་སྲིད་བདེ་ཐབས་གཉན་འཕྲང་ཆེ་བའི་དུས་སུ་༸རྒྱལ་བའི་དབུ་འོག་དཔུང་འདེགས་སྤྱི་སྨན་མཛད་རྗེས་རླབས་ཆེ་འཇོག་གནང་མཛད་པའི་བཀའ་དྲིན་སྙིང་བཅངས་ཞུ་བ་དང་འབྲེལ། སླད་མར་ཡང་མཚན་དཔེའི་དཀྱིལ་འཁོར་གསལ་ཞིང་མཛད་བཟང་སྔར་ལྷག་གོང་འཕེལ་ཡོང་བའི་སྐྱབས་འཇུག་ཐུགས་རྗེ་ཆེ་ཞུའི་གསོལ་འདེབས་སུ།
དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༡ ལ།