༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།

༄༅། ། ༧སྐྱབས་རྗེ་ཟམ་གདོང་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།

༄༅ ། ། ཨོཾསཱསྟི ། གང་ཞིག་མཚན་ཙམ་དྲན་དང་བརྗོད་པས་ཀྱང།། ཕྱི་ནང་མཐར་བྱེད་གཡུལ་ལས་རྣམ་རྒྱལ་ཞིང།། ཚེ་དང་ཡེ་ཤེས་དཔལ་སྟེར་བཅོམ་ལྡན་མ།། ཡིད་བཞིན་འཁོར་ལོས་འཆི་མེད་དཔལ་ཡོན་སྩོལ།། བློ་ཆེན་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན།།
འཛིན་སྐྱོང་དཔལ་ལ་ཆོས་ཚུལ་དྲི་མེད་ཀྱི།།
རིང་ལུགས་རྣམ་པར་རྒྱལ་བའི་དགེ་མཚན་ཆེ།།
སྒྲེང་མཛད་རྗེ་བཙུན་བླ་མར་གསོལ་བར་འདེབས།།

རྨད་བྱུང་ཐུགས་བསྐྱེད་གསེར་གྱི་ཡུ་བ་བརྟན།།
མང་ཐོས་བ་དན་ལྷབ་ལྷུབ་གཡོ་བའི་རྩེར།།
བསམ་སྒོམ་ནོར་བུའི་ཏོག་མཛེས་འོད་འབར་བའི།།
བསྟན་པའི་སྣང་བྱེད་ཆེན་མོར་ཞབས་བརྟན་ཤོག།

ཏིང་འཛིན་ཤེས་རབས་བསླབ་པ་མ་ལུས་པའི།།
སྣོད་གྱུར་ཐུབ་པའི་ནང་གི་མཛོད་གཅིག་པུ།།
བསྲུང་ལ་འདུལ་འཛིན་ཆེན་པོ་ཉེ་བར་འཁོར།།
ཇི་བཞིན་བསྐལ་པ་རྒྱ་མཚོར་རྟག་བརྟན་ཤོག།

མི་ཤེས་རྨོངས་པས་སྨྱོས་པའི་བྲང་འགྲོའི་ལྩེ།།
འཁྱུག་ལ་རྣོ་ངར་འཆད་རྩོད་རྩོམ་པའི་མཚོན།།
གཤེད་དུ་འབེབས་པས་ལུས་ཅན་གཏན་བདེའི་སྲོག།
སྦྱིན་མཁས་འཚོ་མཛད་ཅེན་པོར་ཞབས་བརྟན་ཤོག།

མགོན་ཁྱོད་གསང་གསུམ་ཆུ་ཤེལ་འཁྱིལ་བའི་ཁམས།།
མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་རྫོགས་ཤིང།།
ཉམས་རྟོགས་གྲུབ་པའི་བསིལ་ཟེར་འབུམ་འགྱེད་པའི།།
འགྲོ་བའི་གདུང་སེལ་ཆེན་པོར་ཞབས་བརྟན་ཤོག།

རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།།
རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།
བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས།།
རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག།

ཅེས་པ་འདི་ཡང་ཚ་བ་སྤང་སྒང་མཛོད་པ་ངག་དབང་ཆོས་ལྡན་དང་། འཇོལ་བདེ་ཆེན་གླིང་སྐམ་ཞིང་དགེ་སློང་གཉིས་ནང་འཇོལ་ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར། སྐུ་བཅར་མཚན་ཞབས་དར་ཧན་དགའ་ལྡན་ཁྲི་བྱང་སྤྲུལ་མིང་པས་སྦྱར་བའོ། པོད། ཇ། ཤོགས་གྲངས་ ༡༢༧