དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསུང་ཆོས་ལེགས་པར་གྲུབ་པ།
༄༅། །སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ཟླ་༤ཚེས་༡༥ བར་ཉིན་གྲངས་ཉི་ཤུ་ལྷག་ཙམ་རིང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་དད་ལྡན་གྱི་གདུལ་བྱ་ཆོས་ཞུ་བ་ ༡༠༠༠ ལྷག་ཙམ་ལ་ཟབ་ཆོས་བདུད་རྩིའི་བཀའ་དྲིན་ལེགས་པར་བསྐྱངས་ཡོད་པ་རེད།