རྡོ་རྗེ་གཅོད་པའི་འགྱུར་མི་འདྲ་བ།
༄༅། །འཁོར་གསུམ་ཡོངས་དག་སྤྲོས་བྲལ་གདོད་མའི་གཤིས།། དུས་གསུམ་རྒྱལ་བའི་ཐུགས་བཅུད་གསང་བའི་མཛོད།། རིགས་གསུམ་རྣམ་གྲོལ་འབྲས་བུ་བསྐྱེད་པའི་ཡུམ།། སྒོ་གསུམ་གུས་པས་རྟག་ཏུ་དད་ཕྱག་བརྩེགས།།
༄༅། །འཁོར་གསུམ་ཡོངས་དག་སྤྲོས་བྲལ་གདོད་མའི་གཤིས།། དུས་གསུམ་རྒྱལ་བའི་ཐུགས་བཅུད་གསང་བའི་མཛོད།། རིགས་གསུམ་རྣམ་གྲོལ་འབྲས་བུ་བསྐྱེད་པའི་ཡུམ།། སྒོ་གསུམ་གུས་པས་རྟག་ཏུ་དད་ཕྱག་བརྩེགས།།
༄༅། །རྩེ་གཅིག་འགྲོ་ལ་ཕན་བཞེད་ཐུགས་བསྐྱེད་ཀྱིས།། ཚོགས་གཉིས་སྤྱོད་མཆོག་རྒྱ་མཚོའི་མཐར་སོན་ཏེ།། སྐུ་གསུམ་ནོར་བུའི་གླིང་ལ་དབང་འབྱོར་བའི།། བདུད་བཞི་ལས་རྒྱལ་ཐུབ་དབང་དེ་ལ་འདུད།།
༄༅། །བངྒཱལའི་ཡུལ་དུ་བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུའི་རྒྱུད་དུ་བྱུང་བའི་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་ཉི་དབང་མགོན་པོ་ཞེས་མཚན་སྙན་གྱི་གྲགས་པའི་སྨུག་རྩིས་ནོར་འཛིན་སྒེག་མོའི་འགྲམ་པ་སྨུག་པོར་བྱས་པའི་སྐྱེས་མཆོག་དེ་ནི།