བོད་ཀྱི་བྱུང་རབས་མདོར་བསྡུས།
༡ བོད་ཀྱི་ཡུལ་མིང༌།
ཀ ཆོས་མིང་ཡུལ་ལ་འཇགས་པ་བོན་ལས་ཟུར་ཆག་སྟེ་བོད་ཅེས་ཟེར་བ་དང༌།
ཁ རྒྱལ་མིང་ཡུལ་ལ་འཇགས་པ་པུ་ཏི་གུང་རྒྱལ་གྱི་མཚན་ལས་བོད་ཟེར་བ་དང༌།
ག མི་ཚོགས་ཀྱི་མིང་ཡུལ་ལ་ཆགས་པ་བྲོས་ལས་བོད་དུ་འགྱུར་བ་དང༌།
ང ལེགས་སྦྱར་སྐད་དུ་བྷོཊ་ཟུར་ཆག་སྟེ་བོད་ཟེར་བ་དང༌།ཅ བློ་སྟོབས་ཆེ་བས་ཕོད་པ་ལས་ཟུར་ཆག་སྟེ་བོད་ཟེར་བ་སོགས་མང༌།
ཡང༌། ལེགས་སྦྱར་གྱི་ཏྲིབིཥ྄ཊཔ་ཞེས་པ་ཏིབྦཏ་ལ་འགྱུར་ཟེར་བ་དང༌། སོག་པོའི་ཐུབྷིཐུ། ཨ་རབ་ཀྱི་ཐུབྷཏ། ཐའི་ལན་གྱི་ཐིབྷིཐི་སོགས་ཊིབྷེཊིའི་ཟུར་ཆག་གམ། འབྱུང་ཁུངས་ཡིན་སྲིད་ཀྱང༌། དེ་སྟོད་བོད་ཀྱི་ཟུར་ཆག་ཡིན་མིན་དཔྱད་དགོས།
ཡང༌།ཁ་བ་ཅན་དང༌། གངས་ཅན། གངས་ལྗོངས། བསིལ་ལྡན་གྱི་ལྗོངས། གངས་རི་རྭ་བས་བསྐོར་བའི་ཞིང་སོགས་ས་བབས་ལ་གཞིགས་པའི་མངོན་བརྗོད་ཀྱི་མིང་ཙམ་ཡིན་ཞིང༌། མང་ཆེ་བ་རྒྱ་གར་སྐད་ནས་འགྱུར།
༢ བོད་ཀྱི་ས་བབས།
ཀ བོད་ནི་རྒྱ་བལ་འབྲུག་བར་མཱ་བཅས་ཀྱི་བྱང༌། པཱཀིསྟཱན་དང་ཨཕགནིསྟཱན་གྱི་ཤར། ཤར་ཏུརྐིསྟཱན་༼ཤིང་ཅང་༽ དང་ཧོར་སོག་ནས་ལྷོ། རྒྱ་ནག་གི་ནུབ་ཏུ་གནས་ཡོད།
ཁ འཛམ་གླིང་ས་ཁྲའི་ནང་གཞུང་ཐིག ༧༨0 E ནས་ ༡༠༣0 E བར་དང༌། ཕྲེད་ཐིག ༢༧0 N ནས་ ༣༧0 N བར་ལ་ཡོད།
ག ས་ཁྱོན་ཀི་ལོ་མི་ཀྲར་གྲུ་བཞི་མ་འབུམ་བཅུ་བཞིའི་སྐོར།
ང ས་ཆའི་མཐོ་ཚད། ཇོ་མོ་གླང་མ་ཞེས་པ་འཛམ་གླིང་ནང་གི་རི་མཐོ་ཤོས་ཕི་ཊི་ཉི་ཁྲི་དགུ་སྟོང་བརྒལ་བ་ ༢༩༠༢༨ དང༌། དམའ་བ་རོང་འགར་ཕི་ཊི་སྟོང་ལས་ཉུང་བའང་ཡོད་སྲིད། ཕི་ཊི་ཆིག་ཁྲི་དྲུག་སྟོང་གི་མཐོ་ཚད་བར་མི་སྡེ་ཡོད་ཅིང༌། དམའ་བ་ཕི་ཊི་བཞི་སྟོང་ལས་ཉུང་བའི་སར་ཡང་མི་སྡེ་ཡོད། མི་སྡེ་མང་ཆེ་བ་ཕི་ཊི་བདུན་སྟོང་ནས་ཆིག་ཁྲི་ཉིས་སྟོང་བར་གནས།
ཅ གངས་རི། ལྷོར་ཧི་མཱ་ལ་ཡའི་རི་རྒྱུད། ནུབ་ཏུ་ལ་དྭགས་ཀྱི་རི་དང༌། ཀ་ར་ཀོ་རམ་རི་རྒྱུད། བྱང་དུ་ཀུན་ལུང་དང་རྨ་ཆེན་ཐང་ལྷའི་རི་རྒྱུད་ཀྱིས་བསྐོར། གྲགས་ཆེ་བ་གངས་དཀར་ཏི་སེ། ཇོ་མོ་གླང་མ། ཇོ་མོ་ལྷ་རི། གངས་དཀར་ཤ་མེད། ཇོ་མོ་ཁ་རི། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། ཀོ་ལྷ་མཁར་རི། རྩ་རི། གནོད་སྦྱིན་གངས་བཟང༌། གངས་དཀར་སོགས་ཡོད།
ཆ མཚོ་གྲགས་ཆེ་བ། མཚོ་མ་ཕམ་པ། མཱནསརོཝར གནམ་མཚོ་ཕྱུག་མོ། དིང་རི་ནོར ཡར་འབྲོག་གཡུ་མཚོ། མཚོ་སྐྱ་རེངས། ཚོ་གན་ནོར མཚོ་སྔོ་རེངས། ཨ་ལགས་ནོར མཚོ་ཁྲི་ཤོར་རྒྱལ་མོ། ཀོ་ཀོ་ནོར
ཇ ཆུ་བོ་གྲགས་ཆེ་བ། གངས་དཀར་ཏི་སེའི་ཕྱོགས་བཞི་ནས་འབབ་པ། རྟ་མཆོག་ཁ་འབབ་ནི་དབུས་ཀྱི་སྐྱིད་ཆུ་དང་ཟླ་བསྒྲིལ་གྱིས་དྭགས་ཀོང་ནས་རྒྱ་གར་ཤར་ཕྱོགས་སུ་འབབ་པ། བྲཧྨཔུཏྲའམ། བོ་རོ་ཧོ་ཏི། ཡང་ན་ལོ་ཧི་ཏ་ཞེས་པ་དང༌། རྨ་བྱ་ཁ་འབབ་ནི་མཐོ་ལྡིང་དང་ཁུ་ནུའི་གཞུང་བརྒྱུད་རྒྱ་གར་རཱམཔུར་དང་པཾཇཱབ་ནས་འགྲོ་བ་སཏལུཇ། སེངྒེ་ཁ་འབབ་སྟོད་སྒར་དང་ལ་དྭགས་ནས་ཀཤ྄མིའར་བརྒྱུད་དུ་འབབ་པ་ཨིན་ཌ་སི་བཅས་ནུབ་ཀྱི་ཆུ་བོ་བཞི་དང༌། དབུས་ཀྱི་བྱང་བརྒྱུད་ནས་འབབ་པ་རྒྱ་མོ་སྔོ་ཆུ་མདོ་སྟོད་ནས་བར་མཱའི་ཕྱོགས་སུ་སོང་བ་སིལ་ཝེན་དང༌། རྫ་ཆུ་མདོ་སྟོད་ནས་ཐའི་ལེན་ཌི་དང༌། ལའོ་སི། ཀམ་བྷོ་ཀའོ་སོགས་སུ་འབབ་པ་ཙེ་ཀྱང་ཟེར་བ་རྒྱ་ནག་གི་ཆུ་བོ་རིང་ཤོས། ཨ་མདོའི་ཕྱོགས་སུ་རྨ་ཆུ། འགུ་ལོག་བརྒྱུད་ཀླུ་ཆུ་དང་སམ་ཆུ། རྨེ་རུ་གངས་དཀར་ནས་འབབ་པ་རྨེ་ཆུ་རྒྱ་ནག་ཀན་སུ་ཕྱོགས་སུ་འབབ་པ་ཧྭོང་ཧྭ་སྟེ་གཙང་པོ་སེར་པོ། གཞན་ཡང་ཆུ་བོ་དང་ཆུ་ཕྲན་ཤིན་ཏུ་མང༌།
ཉ གཏེར་ཁ། གསེར་དང༌། དངུལ། ཟངས། ལྕགས། ཀེལ་སི་ཡམ། ཡུ་རེ་ནི་ཡམ། གཟི་སོགས།
ཏ འབྲུ་རིགས། ནས་དང་གྲོ་གཙོ་བོར་གྱུར་པའི་འབྲུ་རིགས་མང༌།
ད ཤིང་ནགས་དང་རྩྭ་ཐང༌། བྱང་ངོས་རྩྭ་ཐང་ཕོན་ཆེ་དང༌། ཤར་དང་ལྷོར་གདོད་མའི་ཤིང་ནགས་ཤིན་ཏུ་མང་ཞིང༌། སྟར་ཀ་དང༌། ལཱ་བྷ། μབ་ཡས་སོགས་ཁྱད་འཕགས་ཀྱི་ཤིང་སྣ་མང༌།
༣ མི་རིགས།
བོད་ཀྱི་མི་རིགས་ནི་རྒྱལ་ཁབ་གཞན་དང་མ་འདྲེས་པའི་མི་རིགས་ཁྱད་པར་བ་ཞིག་ཡིན་ནའང༌། ནུབ་ཕྱོགས་པས་སོག་པོའི་རིགས་སུ་བརྩི། བྱུང་ཚུལ་ནི།
ཀ སློབ་དཔོན་ཤེས་རབ་གོ་ཆས་མཧཱབྷཱརཏའི་དམག་གི་སྐབས་རྒྱལ་པོ་རཱུཔབཏཱི་དཔུང་བཅས་གངས་ཅན་དུ་བྲོས་པ་དེང་དུས་བོད་པ་ཟེར་ཞེས་པ་དྲངས་ནས་རྒྱ་གར་ནས་མཆེད་པ་དང༌།
ཁ བཀའ་ཆེམས་དང་མ་ཎི་བཀའ་འབུམ་སོགས་ནས་སྤྲེའུ་བྱང་སེམས་དང་བྲག་སྲིན་འདུས་པ་ལས་སྤྲེའུ་ཕྲུག་འཕེལ་ནས་བོད་ནང་མི་བྱུང་ཚུལ་བཤད་པ།
ག དངོས་μས་རྙིང་པ་བསྔོག་འདོན་གྱི་ཚན་རིག་ལྟར་ན་བོད་ཀྱི་མི་རིགས་ཡུལ་ལུང་གཞན་ནས་ཡོང་བ་མ་ཡིན་པར་གདོད་མ་ནས་བོད་ས་རང་དུ་བྱུང་བའི་མི་རིགས་ཡིན་པར་བཤད། རྡོའི་དུས་རབས་རྙིང་པ་(Palaeolithic)ལོ་ཆིག་འབུམ་ནས་ལྔ་ཁྲིའི་སྔོན་བར་དང༌། རྡོའི་དུས་རབས་གསར་པའི་(Newlithic)ལོའི་མི་སྡེ་ཡོད་པའི་རྟགས་མཚན་རེ་ཟུང་ཡོད་པ་དང༌། ཉེ་ཆར་ཆབ་མདོའི་མངའ་ཁུལ་རྡོ་དུས་གསར་པའི་གྲོང་གསེབ་ཆ་ཚང་རྙེད་ཚུལ་ཐོས། གང་ལྟར་མི་རིགས་རང་མཚན་པ་ཞིག་ཡིན་པ་དང༌། ཆོལ་ཁ་སོ་སོའི་མིའི་གཟུགས་དབྱིབས་འདྲ་མིན་ཅུང་ཟད་ཀྱང་ཡོད། མི་རིགས་ཀྱི་ཁྱད་པར་དབྱེ་མི་ནུས།
ང མི་འབོར། སྔོན་རབས་ལ་མ་ངེས་ཀྱང་དུས་ཕྱིེས་ཆོལ་གསུམ་བསྡོམས་པས་འབུམ་དྲུག་ཅུའི་སྐོར་ཡིན་ཚོད། ཚད་འཕེར་གྱི་མི་རྩིས་བྱུང་མེད་རུང༌། ཡོངས་གྲགས་བོད་མི་ས་ཡ་དྲུག་ཟེར།
༤ སྐད་ཡིག
ཀ བོད་སྐད་ནི་ཡུལ་ལུང་གཞན་ནས་མ་བྱུང་བའི་རང་མཚན་པ་ཞིག་ཡིན། ནུབ་ཕྱོགས་པས་བོད་དང་བར་མཱའི་སྐད་ཅེས་སྐད་ཀྱི་ཚན་རིག་པས་བཤད་ཀྱང་འཐད་མིན་བརྟག་དགོས།
ཁ ཡི་གེ་ད་ལྟའི་ཡོངས་གྲགས་ཕྱི་ལོ་རྒྱ་ཕྲག་བདུན་པའི་དཀྱིལ་ཙམ་ལ་རྒྱ་གར་གུཔ྄ཏའི་ཡི་གེར་དཔེར་བལྟས་ནས་བཟོས་པ་དང༌། ལུང་སྟོན་གྱི་རྣམ་གཞག་ཀྱང་ལེགས་སྦྱར་དང་མཐུན་པ་དང༌། དེའི་གོང་ཞང་ཞུང་གི་ཡི་གེ་ཡོད་ཚུལ་འདོད་མཁན་ཡོད་ཀྱང་ལོ་རྒྱུས་ད་དུང་བཙལ་དགོས།
༥ ཆོས་ལུགས།
ཀ བོད་རང་གི་ཐུན་མིན་ཆོས་ལུགས་བོན་ཡིན་ཡང༌། བྱུང་ཚུལ་ལོ་རྒྱུས་རིག་པ་ལྟར་རྙེད་དཀའ་བས་རེ་ཞིག་ཆོས་འབྱུང་ལྟར་གཞག་རྒྱུ་དང༌།
ཁ ད་ལྟ་དར་ཁྱབ་ཆེ་བ་ནང་པའི་ཐེག་ཆེན་མདོ་སྔགས་ཟུང་འབྲེལ་ཕྱི་ལོ་ ༢༣༣ ལ་དབུ་བརྙེས་པར་གྲགས་པ་མེས་དབོན་རྣམ་གསུམ་སྐབས་དར་རྒྱས་ཕྱིན།
ག ཁ་ཆེ་ཉུང་ཤས་དང༌། ཡི་ཤུ་ཆེས་ཉུང་ངུ་ཙམ་དུས་ཕྱིས་བྱུང༌། དེ་མིན་ཆོས་ལུགས་གཞན་མེད་དམ་སྙམ།
༦ རྒྱལ་རབས།
ཀ གནའ་བོའི་རྒྱལ་རབས།
ཕྱི་ལོ་ ༡༢༧ སྦི་སི། གཉའ་ཁྲི་བཙན་པོས་ཆབ་སྲིད་བསྐྱངས། ཡུམ་བུ་གླ་མཁར་བརྩིགས། ཁོང་མགྷདྷ་དམག་བརྒྱ་པའི་སྲས་དང༌། ཡང་ཀོ་ས་ལའི་གསལ་རྒྱལ་གྱི་རྒྱུད།
ཡང་རི་བྲག་པ་སྐྱ་སེང་གི་བུ་ཡིན་པ་སོགས་བཤད་ཚུལ་མང་ཞིང༌། སྤོ་བོར་འཁྲུངས་པའི་བོད་མི་དཔའ་བོ་ཞིག་ཡིན་ཚུལ་ཡང་ཡོད། སྔོན་རབས་འགར་ཆོས་བོན་ཐེ་རང་གི་ལུགས་གསུམ་ཞེས་ཟེར།
༡༢༧ སྦི་སི་ནས།
༡༧༣ ཨེ་ཌི་བར། རྒྱལ་རབས་ཉེར་བདུན་སོང༌། རྒྱལ་རབས་བདུན་པའམ་བརྒྱད་པ་གྲི་གུམ་བཙན་པོ་བློན་པོ་ལོང་ངམ་གྱིས་བཀྲོངས། སྲས་གསུམ་ཀོང་པོར་རྒྱུགས། རྗེས་སུ་བྱ་ཁྲི་བཙན་པོ་རྒྱལ་སར་བསྐོས་པ་པུ་ཏི་གུང་རྒྱལ་གྲགས། ཆུང་ཤོས་ཉ་ཁྲི་བཙན་པོའམ། སོག་སྐད་དུ་བོར་ཏ་ཟེ་བ་ཞེས་པ་སོག་པོ་བྷེ་ཏའི་ཡུལ་དུ་ཕེབས་པ་སོག་པོའི་རྒྱལ་པོ་དང་པོར་གྲགས། པུ་ཏི་གུང་རྒྱལ་སྐབས་ལྕགས་དང་ཟངས་སྤྱིན་སོགས་རྙེད། μིང་དང་ཆུ་ཡུར་རྨོས་ཞིང་སོགས་བྱུང་ཟེར།
༡༧༣ ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས།
༢༣༣ བཙན་པོ་དགུང་ལོ་ ༦༠ ཕེབས་སྐབས་ཆོས་ཀྱི་གླེགས་བམ་རྙེད། ནམ་མཁའ་ནས་བབས་ཟེར་བ་དང༌། ལི་ཐི་སེ་དང་ཐོ་གར་གྱི་ཙཱ་བ་བློ་སེམས་འཚོས་པཎྜིཏ་ལེགས་སྦྱིན་སྤྱན་དྲངས་པས་ཕུལ་ཟེར། མདོ་སྡེ་ཟ་མ་ཏོག་བཀོད་པ་དང་སྤང་ཀོང་ཕྱག་རྒྱ་པ་ཡོད་ཟེར།
༦༡༧ ལྷ་ཐོ་ཐོ་རི་གཉན་བཙན་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་དང་བཙུན་མོ་ཐོ་གེར་བཟའ་ཚེ་སྤོང་གི་སྲས་སུ་ཁྲི་སྡེ་སྲོང་བཙན་ནམ་སྲོང་བཙན་སྒམ་པོ་འཁྲུངས།
༦༣༠ རྒྱལ་སར་ཕེབས། རིམ་བཞིན་བལ་བཟའ་དང་རྒྱ་བཟའ་ཁབ་ཏུ་བཞེས། གཙུག་ལག་ཁང་རྣམ་གཉིས་བཞེངས། རྒྱལ་ཁབ་ཀྱི་རྒྱ་ཁྱོན་བསྐྱེད། ཐུ་མི་སོགས་རྒྱ་གར་དུ་བμངས་ནས་ཡིག་གཟུགས་གསར་དུ་བཟོས། བཀའ་བསྟན་བསྒྱུར་འགོ་ཚུགས།
༦༤༠ ཡས་མན་ལ། བར་མཱ་དང་བལ་ཡུལ་དབང་དུ་བསྡུས།
༦༤༣ ཞང་ཞུང་རྒྱལ་པོ་ལེགས་མི་ཆབ་འབངས་སུ་ཚུད།
༦༤༥ རི་བོ་རྩེ་ལྔའི་ལྷ་ཁང་བཞེངས།
༦༤༨ རྒྱ་ནག་གོང་མས་རྒྱ་གར་གྱི་རྒྱལ་པོ་ཤྲཱིཧརྵར་བཏང་བའི་བང་ཆེན་ཧརྵ་འདས་ཟིན་ཐུག་པ་བློན་པོ་ཨརྗུན་གྱིས་བཟུང་བས་བཅོམ་པ་བལ་ཡུལ་དུ་བྲོས་ཏེ་སྐྱབས་གསོལ་བར་དམག་བཏང་སྟེ་རྒྱ་གར་ཏི་ར་ཧུ་ཏིར་ཉིན་གསུམ་རིང་འཐབ། ཨརྗུན་འཛིན་བཟུང་གིས་འཁྲིད་པར་དེའི་དགྲ་ཀམ་རུ་པའི་རྒྱལ་པོས་སྐྱེས་ཕུལ།
༦༤༩ ལ་བཙན་པོ་འདས། དགུང་ལོ་སོ་གཉིས་བཞུགས་པའི་ལུགས་སུ་བྱས། སྲོང་བཙན་གྱི་སྲས་གུང་སྲོང་གུང་བཙན་གྱི་སྲས་མང་སྲོང་མང་བཙན་ཁྲིར་འཁོད་ཀྱང༌། དགུང་ན་གཞོན་པས་མགར་སྟོང་བཙན་གྱིས་སྲིད་བསྐྱངས། འདི་སྐབས་རྒྱ་དམག་ལྷ་སར་འབྱོར་བའི་ལོ་རྒྱུས་མ་དག་གམ་སྙམ།
༦༥༤ ནང་བློན་དང་ས་མཚམས་སྤྱི་ཁྱབ་རྣམས་ཚོགས་འདུ་ཚོགས།
༦༥༥ ཐུ་ལུ་ཧོན། འ་ཞའམ། གྲུ་གུའི་ཡུལ་དུ་དམག་དྲངས།
༦༦༦།༦༧ ཙམ་ལ་མགར་སྟོང་བཙན་འདས།
༦༦༨ དྲི་མ་འཁོལ་དུ་དམག་སྒར་བཙུགས།
༦༦༩ ཐུ་ལུ་ཧོན་མངའ་འོག་ཏུ་ཚུད།
༦༧༠ སྡ་རམ་ལུང་པར་ཨན་ཤིའི་དམག་ཁག་བཞི་དབང་དུ་བསྡུས།
༦༧༡ རྗེས་བོད་བློན་འཇིན་འཇིན་རྒྱ་ནག་ཏུ་འཚམས་འདྲིར་བཏང༌།
༦༧༦ ཀན་སུ་ཞིང་ཆེན་དུ་ཇག་བཅོམ་བྱས། ལོ་དེར་མང་སྲོང་མང་བཙན་འདས་ཀྱང་ལོ་གསུམ་རིང་གསང་རྒྱ་བྱས།
༦༧༧་་༧༨ ཞང་ཞུང་ངོ་ལོག་པ་བཏུལ།
༦༧༩་་༨༠ མང་སྲོང་འདས་པའི་གསང་རྒྱ་བརྟོལ་ནས་སྲས་འདུས་སྲོང་མང་རྗེ་རླུང་ནག་འཕྲུལ་གྱི་རྒྱལ་པོ་ལོ་གསུམ་ལོན་པ་ཁྲིར་འཁོད་ཅིང༌། མགར་བཙན་སྙ་སྡོམ་བུས་སྲིད་བསྐྱངས།
༦༨༥ མགར་བཙན་སྙ་འདས།
༦༩༧ སྲས་ཁྲི་ལྡེ་གཙུག་བཙན་ནམ། གཙུག་བཙན་འཁྲུངས།
༧༠༤ འདུས་སྲོང་མང་རྗེ་འཇང་ལ་གཤེགས། ལོ་དེར་གཙུག་བརྟན་ཁྲིར་འཁོད། ཡུམ་ཁྲི་མ་ལོས་སྲིད་བསྐྱངས། གཙུག་བརྟན་གྱི་བཙུན་མོའི་གྲས་སུ་ཐའི་ལན་ཌིའི་བཙུན་མོ་ཞིག་ཡོད་པ་འཇང་བཟའ་ཁྲི་བཙུན་ཟེར། གཙུག་བརྟན་བགྲེས་སྐབས་མེས་ཨག་ཚོམས་ཞེས་ཀྱང་གྲགས། ཆོས་ཀྱི་མཛད་རྗེས་མང༌། འཇང་བཟར་སྲས་ཤིག་བྱུང་བར་འཇང་ཚ་ལྷ་དབོན་བཏགས། གཞོན་དུས་ནས་འདས། ཕྱིས་སུ་རྒྱ་ནག་རྒྱལ་པོའི་སྲས་མོ་ཅིན་དྲེང་ཀོང་ཅོ་ཁབ་ཏུ་བཞེས།
༧༤༢ རྒྱ་བཟའ་ལས་ཁྲི་སྲོང་ལྡེའུ་བཙན་འཁྲུངས།
༧༤༦་་༤༧ སྐོར་རྒྱ་ཡུལ་དུ་དམག་དྲངས་ནས་གྲོང་ཁྱེར་མང་པོ་བཟུང༌།
༧༥༤ ཐའི་ལན་ཌིར་རྒྱ་མིས་བཙན་འཛུལ་བྱས་པ་ལ་བོད་དམག་བཏང་སྟེ་མཐར་སྐྲོད་བཏང༌།
༧༥༥ ཁྲི་ལྡེ་གཙུག་བརྟན་བློན་པོ་གཉིས་ཀྱིས་བཀྲོངས། དེ་འཕྲལ་ཁྲི་སྲོང་ལྡེའུ་བཙན་ཁྲིར་འཁོད། ཞི་འཚོ་གདན་དྲངས། སླར་བལ་ཡུལ་དུ་ཕེབས། པདྨ་འབྱུང་གནས་བལ་ཡུལ་ནས་གདན་དྲངས།
༧༦༣ ཕྱི་ལོ་ ༧༥༠ ཙམ་ནས་བོད་རྒྱའི་ས་མཚམས་སུ་དམག་འཐབ་རིམ་འཕེལ་སྟབས། འདི་ལོ་འབུམ་དམག་གཉིས་ཀྱིས་རྒྱ་མིར་རྒོལ། གོང་མ་ཐའི་ཙུང་སེམ་ཅུ་ཕྱོགས་སུ་བྲོས། བོད་དམག་རྒྱལ་སར་འབྱོར་སྐབས་ཀེམ་ཤིང་ཀོང་ཇོའི་མིང་པོ་གའོ་ཝང་གོང་མར་བསྐོས། རྒྱལ་རྒྱུད་ལ་བཀྲིས་ཞེས་པའི་མིང་བཏགས་ཏེ་ཁྲི་ལོ་གསར་པའི་ཁྱབ་བསྒྲགས་བྱས། ལོ་ཁྲལ་འབུལ་རྒྱུའི་ཆོད་དོན་བྱས་ནས་ཉིན་བཅོ་ལྔའི་རྗེས་བོད་དམག་ཕྱིར་ལོག
༧༧༨ ཐའི་ལན་ཌིར་དམག་རོགས་བཏང་སྟེ་ཟི་ཁྲོན་ནང་ཕར་རྒོལ་བྱས། བོད་དམག་ལོ་བརྒྱད་ཐའི་ལན་ཌིར་བསྡད་ཅིང༌། ཐའི་རྒྱ་ཞི་མཐུན་བྱུང་རྗེས་ཕྱིར་ལོག ལོ་དུས་མ་གསལ་ཡང་མ་གྷ་དྷར་དམག་དྲངས་ཏེ་མཆོད་རྟེན་ལ་མཆོད་འབུལ་དང་རིང་བསྲེལ་ལེན་ཚུལ་བཅས་གསལ་བ་ལོ་རྒྱུས་ཡིན་མིན་མ་ངེས། གངྒཱའི་ཉེ་འགྲམ་ལྕགས་ཀྱི་རྡོ་རིང་བཙུག་ཚུལ་ཕལ་ཆེར་བདེན་ནམ་སྙམ།
༧༩༠ ཕྱི་ལོ་ ༦༩༢ ལ་རྔན་ཤིའི་ནང་བོད་པའི་དམག་ས་བཞི་རྒྱ་མིས་འཕྲོགས་པ་ཚུར་བླངས། དུས་ཡུན་འདི་ཙམ་ལ་ཨ་རབ་ཀྱི་ཨོག་སོ་གཙང་པོ་བརྒལ་ནས་ཨལ་ཏུ་སྦག་ བོད་ཀྱི་མཚོ་ཆུང་ཞེས་པའི་བར་བོད་དམག་ཕྱིན།
༧༩༧ ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ནི་བཙན་པོའམ། མུ་ཁྲི་བཙན་པོར་རྒྱལ་སྲིད་གཏད་ནས་མཁར་ལ་གཉུག་མར་བཞུགས།
༧༩༨ ཁྲི་སྲོང་འདས། མུ་ནི་བཙན་པོའི་རིང་བསམ་ཡས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས་པ་སོགས་ཆོས་ཀྱི་མཛད་རྗེས་དང༌། བོད་མི་རྣམས་དབུལ་ཕྱུག་ལན་གསུམ་སྙོམ། ས་ཞིང་བསྐྱར་བགོས་བྱེད་མཁན་བོད་པ་སྔ་ཤོས་ཡིན། འདིའི་སྲིད་སྐྱོང་བའི་དུས་ཡུན་ལ་མི་མཐུན་པ་མང་ཡང་ལོ་བདུན་ཙམ་བཟུང་བ་འཐད་ཕྱོགས་སུ་བཟུང༌།
༨༠༤ མུ་ནི་བཙན་པོར་སྲས་མེད་པས་སྐུ་མཆེད་གཞོན་པ་ཁྲི་སྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་ཁྲིར་ཕེབས།
༨༡༤ ལ་སྒྲ་བསྒྱུར་བམ་གཉིས་བརྩམས། དཀར་ཆག་ཕང་ཐང་མའང་འདིའི་སྐུ་དུས་སུ་བསྒྲིགས། ས་མར་ཀན་ཏི་ཡང་དམག་གིས་བསྐོར། ཨ་རབ་ཀ་ལིབཕི་བུ་གཉིས་པས་ལི་ཡུལ་གྱི་བོད་པའི་སྤྱི་ཁྱབ་མཉམ་མཐུན་འགྲིག་བཞག
༨༡༥ ཁྲི་སྡེ་སྲོང་བཙན་འདས། ཁྲི་གཙུག་སྡེ་བཙན་ནམ་རལ་པ་ཅན་ཁྲིར་ཕེབས། དཔལ་གྱི་ངང་ཚུལ་བཙུན་མོར་བཞེས།
༨༢༣ རྒྱ་བོད་ཆིངས་ཡིག་རྡོ་རིང་བཙུགས། བཀའ་མོལ་གནང་ས་གུ་གུ་རྨེ་རུ་ཟེར། རྒྱ་བོད་ཀྱི་བཙུན་པ་རྣམས་ཀྱིས་བར་འདུམ་དང་ལོ་གཉིས་གསུམ་བར་ཡིག་འགྲུལ་མང་པོ་བྱས་འབྲས་སུ་ཆིངས་འགྲིག་བྱུང༌། ཆོས་ཕྱོགས་ཀྱི་མཛད་རྗེས་ཀྱང་མང༌། ལྷ་ཐོ་ཐོ་རི་ནས་འདིའི་བར་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང༌། མེས་ཨག་ཚོམ་ནས་འདིའི་བར་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས།༢༧༤
༨༣༦ ཁྲི་རལ་དབས་ཏོ་རི་དང་ཅོག་རོ་ལེགས་སྒྲས་བཀྲོངས། ལོ་དེར་སྤུན་དར་མ་རྒྱལ་སར་བསྐོས།
༨༣༨ ཆོས་དང་རབ་བྱུང་དགོན་སྡེར་གནོད་འགོ་ཚུགས། རྒྱ་གར་གྱི་པཎྜིཏ་རྣམས་དང་ལོ་ཙཱ་བ་བྲོས་ཏེ་ཆོས་བསྒྱུར་འཕྲོ་ཆད། རྨ་གཡོ་གཙང་གསུམ་མདོ་སྨད་དུ་བྲོས།
༨༤༢ ལྷ་ལུང་དཔལ་རྡོར་གྱིས་དར་མ་བཀྲོངས་ནས་ཁམས་ཕྱོགས་སུ་བྲོས། བོད་སྤྱི་ལ་དབང་བའི་རྒྱལ་སྲིད་འཐོར།
ཁ བར་གྱི་རྒྱལ་རབས།
དར་མའི་རྗེས་བོད་སིལ་བུར་ཐོར་བ་མ་ཟད། ལོ་རྒྱུས་ཀྱང་མི་གསལ་བས་བརྒྱ་ཕྲག་དགུ་པ་ནས་བཅུ་གསུམ་བར་གྱི་དུས་རབས་ནི་སྲིད་དོན་ལོ་རྒྱུས་ཀྱི་ནང་དུས་ཚོད་སྡུག་ཤོས་ཤིག་བྱུང་ཡོད། དར་མ་བཀྲོངས་ནས་རིང་པོ་མ་ལོན་པར་བཙུན་མོ་ཆུང་བར་སྲས་ཤིག་འཁྲུངས་ཏེ་གནམ་ལྡེ་འོད་སྲུང་དང༌། བཙུན་མོ་ཆེ་བས་རྫུན་མ་ཞིག་གསོས་པ་ལ་མངའ་བདག་ཡུམ་བརྟན་ཞེས་ཐོགས། རྗེས་སུ་མངའ་རིས་ལ་མ་འཆམ་པར་འོད་སྲུང་གིས་སྟོད་དང༌། ཡུམ་བརྟན་གྱིས་དབུས་སུ་དབང་བསྒྱུར། རིམ་གྱིས་ད་དུང་རྒྱལ་ཕྲན་སིལ་བུ་མང་དུ་འཐོར། མཐའ་མཚམས་སུ་ཡོད་པའི་དཔོན་རིགས་རྣམས་ཕྱིར་མ་ལོག་པར་མཐའ་མཚམས་སོ་སོར་དབང་བསྒྱུར་གྱིས་བསྡད། ཡུམ་བརྟན་གྱི་རྒྱུད་པ་ཚ་ན་ཡེ་ཤེས་རྒྱལ་མཚན་གྱི་དུས་སུ་དབུས་གཙང་ནས་མི་བཅུ་མདོ་སྨད་དུ་སྡོམ་རྒྱུན་ཞུ་བ་བཏང་ནས་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས་ཏེ་སླར་བསམ་ཡས་སུ་འབྱོར་སྐབས་ཡེ་རྒྱལ་གཤེགས་ཏེ། དེའི་སྲས་མངའ་བདག་ཁྲི་པའི་དུས་ཡིན་པས་ཞབས་ཏོག་ཞུས། དེའི་བར་དབུས་སུ་འདུལ་བ་མེད་པར་ལོ་བདུན་ཅུ་སྐོར་སོང་ཚོད།
འོད་སྲུང་གི་སྲས་དཔལ་འཁོར་བཙན་དང༌། དེའི་སྲས་བཀྲིས་བརྩེགས་པ་དང༌། ཀྱི་ལྡེ་ཉི་མ་མགོན་གཉིས། ཉི་མགོན་མངའ་རིས་སུ་བྱོན། སྲས་གསུམ་བྱུང་བར་མང་ཡུལ།
སྤུ་རང༌། ཞང་ཞུང་གསུམ་བཟུང༌། སྤུ་རང་མངའ་བདག་བཀྲིས་ལྡེ་མགོན་ལ་སྲས་གཉིས་བྱུང་བ་གཅེན་རབ་ཏུ་བྱུང་བ་ཡེ་ཤེས་འོད་དུ་གྲགས། བལ་པོ་ལོ་ཙཱ་བ་གླེ་རུ་རྩེས་སྨྲི་ཏི་དང༌། ཕྲ་ལ་རིང་བ་སོགས་བོད་དུ་སྤྱན་དྲངས་ཀྱང་འགྲོ་དོན་ཆེར་མ་བྱུང༌།
ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜིཏ་དྷརྨ་པཱལ་དང༌། དེའི་སློབ་མ་པཱལ་རྣམ་གསུམ་ལས་སྟོད་འདུལ་དར། ལོ་ཆེན་རིན་བཟང་སོགས་རྒྱ་གར་དུ་བོད་ཕྲུག་མང་པོ་བཏང་ནས་ཆོས་དང་ལོ་ཙཱ་བསླབས། བྱང་ཆུབ་འོད་ཀྱིས་ཇོ་བོ་གདན་དྲངས།
༡༠༤༠ ཇོ་བོ་རྗེ་བིཀྲམ་ཤཱིལ་ནས་ཐོན།
༡༠༤༢ ཇོ་བོ་རྗེ་མཐོ་ལྡིང་དུ་ཕེབས།
༡༢༠༤ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའ་བོད་དུ་ཕེབས།
དར་མ་བཀྲོངས་རྗེས་ཀྱི་ལོ་བདུན་ཅུའི་སྐོར་ནས་སྟོད་སྨད་ནས་བསྟན་པ་སླར་གསོའི་འགོ་ཚུགས་རྗེས་བོད་སྤྱིར་དབང་བའི་སྲིད་སྐྱོང་མེད་རུང༌། ཆོས་ཀྱི་བྱ་བ་གང་ལེགས་བྱུང་ཞིང༌། བར་སྐབས་མདོ་སྔགས་འགལ་འདུ་ལྟ་བུའི་ལོག་རྟོག་བྱུང་བའང་ཇོ་བོ་རྗེ་སོགས་ཀྱིས་བསལ་ཞིང༌། བཀའ་གདམས་དང༌། ས་སྐྱ། བཀའ་བརྒྱུད་སོགས་ཀྱི་བསྟན་རྒྱུན་ཚུགས། བཀའ་བསྟན་བསྒྱུར་བ་དང༌། འཆད་ཉན། བསྟན་བཅོས་འབྲི་རྩོམ་རྒྱ་ཆེར་བྱུང་འདུག་ཅིང༌། མཁས་གྲུབ་ཀྱི་སྐྱེས་བུ་ཧ་ཅང་མང་པོ་བྱོན། ཆོས་སྡེ་ཡང་མང་པོ་ཚུགས་ཡོད། རྒྱ་གར་ནས་པཎ་གྲུབ་མང་པོ་བྱོན་འདུག་གོ།
ག ཕྱིས་ཀྱི་རྒྱལ་རབས།
༡༢༠༩ ཇིང་གི་སི་ཁན་དམག་གིས་མི་ཉག་བཅོམ་ཞིང༌། བོད་སྡེ་གཞན་གྱིས་ཀྱང་འདབ་ནོར་སྤྲོད་རྒྱུ་བྱས།
༡༢༢༧ ཇིང་གི་སི་ཁན་འདས་རྗེས་འདབ་ནོར་རིམ་པས་ཆད།
༡༢༤༠ གོ་དན་གྱིས་བོད་དུ་དམག་དྲངས་ནས་ར་སྒྲེང་སོགས་བཅོམ། འབྲི་གུང་སྤྱན་སྔ་རིན་པོ་ཆེས་མཚམས་སྦྱོར་གྱིས་དྲག་གནོན་མཚམས་འཇོག་བྱས། བོད་ཡོངས་μོགས་མངའ་འོག་ཏུ་བསྡུས་ཏེ་ཁྱིམ་རྩིས་དང༌། ཁྲལ་ཁྲིམས་གྱི་ལམ་གཏོད།༢༧༦
༡༢༤༤ གོ་དན་གྱིས་གདན་དྲངས་པ་ལྟར་ས་པཎ་ས་སྐྱ་ནས་ཐོན།
༡༢༤༧ ས་པཎ་ལང་འཇུར་ཕེབས་སྐབས་གོ་དན་དང་མཇལ་ཏེ་ཆོས་གསུངས།
༡༢༥༡ ས་པཎ་དང་གོ་དན་གཉིས་ཀ་འདས།
༡༢༥༣ ཀུབ་ལའི་ཁན་བོད་པས་སེ་ཆེན་རྒྱལ་པོ་འབོད་པ་ཉིང་ཤཱ་དང་ཀན་སུའི་ཕྱོགས་ཀྱི་རྒྱལ་ཁྲིར་ཕེབས། འཕགས་པ་བློ་གྲོས་རྒྱལ་མཚན་དབུ་བླར་གདན་དྲངས།
༡༢༥༤ འཕགས་པས་ཀུབ་ལའི་ཁན་ལ་དབང་བསྐུར་ཞིང༌། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གྱི་མངའ་དབང་ཕུལ་བས་ཉེ་གནས་ཤཱཀྱ་བཟང་པོ་ས་སྐྱའི་དཔོན་ཆེན་དུ་བསྐོས། ཁྲི་སྐོར་རེ་ལ་ཁྲི་དཔོན་རེ་བསྐོས། བཀའ་ཤོག་བནྡེ་ཤེད་སྐྱེད་མ་ཕུལ་ཏེ་འཕགས་པ་དང་བོད་མཆོད་གནས་དང༌། རང་ཉིད་ཡོན་བདག་ཏུ་ཁས་བླངས་པའི་ཡིག་ཆ་འདི་ནས་བོད་སོག་མཆོད་ཡོན་གྱི་འབྲེལ་བ་བྱུང༌།
༡༢༦༠ སྐུ་མཆེད་མུང་ཁེ་ཁན་སོག་པོའི་གོང་མ་ཤི་བའི་རྗེས་ལ་ཀུབ་ལའི་ཁན་རྒྱལ་ཁྲིར་ཕེབས་ཤིང༌། ཁྲི་འདོན་གྱི་ཤིས་བརྗོད་འཕགས་པས་མཛད། རྒྱལ་པོས་སླར་ཡང་དབང་བསྐུར་ཞུས་པའི་ཡོན་དུ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འཕགས་པར་ཕུལ།
༡༢༦༤ ཀུབ་ལའི་ཁན་གྱི་རྒྱལ་ས་རྒྱ་ནག་ཏུ་སྤོས།
༡༢༦༥ འཕགས་པ་རིན་པོ་ཆེ་བོད་དུ་ཕེབས།
༡༢༦༨ ཀུབ་ལའི་ཁན་གྱི་གདན་ཞུ་འབྱོར་བ་ལྟར་འཕགས་པ་རིན་པོ་ཆེ་སླར་ཡང་སོག་ཡུལ་དུ་ཕེབས། ཧོར་ཡིག་གསར་རྩོམ་གནང༌།
༡༢༧༠ རྒྱལ་བློན་རྣམས་ཀྱིས་སླར་ཡང་དབང་ཆེན་ཞུས་ཏེ་ཤེལ་དམ་གླིང་དྲུག་མ་ཕུལ།
༡༢༧༡ རྒྱ་ནག་སོག་པོའི་དབང་འོག་ཏུ་བསྡུས་ཤིང༌། ཡོན་རྒྱལ་རབས་འགོ་ཚུགས།
༡༢༨༠ འགྲོ་མགོན་ཆོས་རྒྱལ་འཕགས་པ་འདས། ཕྱག་ནའི་སྲས་རྡརྨ་པཱལ་ཁྲིར་ཕེབས།
༡༢༨༡ སོག་དམག་བོད་དུ་འབྱོར་ནས་དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས།
༡༢༨༦ ལ་དྷརྨ་པཱལ་འདས། ཟངས་ཚའི་སྲས་རིན་ཆེན་རྒྱལ་མཚན་ཁྲིར་ཕེབས། འདི་སྐབས་ཤིག་ཏུ་ཀུབ་ལའི་ཁན་གྱིས་རྒྱ་བལ་དུ་དམག་འགྲོ་བའི་ལམ་བོད་ནས་བྱ་རྒྱུའི་དགོངས་བཞེས་བྱུང་བར་ས་སྐྱའི་དཔོན་ཆེན་དང་གྲུབ་ཐོབ་ཨོ་རྒྱན་སེངྒེས་མི་འོས་པར་ཞུས་པ་བཞིན་གོང་མས་ཀྱང་མོས་མཐུན་མཛད།
༡༢༩༥ ཀུབ་ལའི་ཁན་འདས།
༡༣༥༤ ཕག་གྲུ་ཏཱ་ཡི་སི་ཏུ་བྱང་ཆུབ་རྒྱལ་མཚན་སྣེ་གདོང་སྡེ་པ་གྱིས་ས་སྐྱ་ནས་བོད་ཀྱི་ཆབ་སྲིད་འཕྲོག
༡༣༦༨ རྒྱ་ནག་སོག་པོ་ཡོན་རྒྱལ་རབས་ཁམས་ནས་སོག་ཡུལ་དུ་བྲོས། མིང་རྒྱལ་རྒྱུད་འགོ་ཚུགས།
༡༤༠༦ ཀརྨ་པ་དེ་བཞིན་གཤེགས་པ་མིང་རྒྱལ་ཐོག་གཉིས་པ་ཡུང་ལོས་གདན་དྲངས།
༡༤༠༨ རྗེ་རིན་པོ་ཆེ་རྒྱ་ནག་གོང་མས་གདན་དྲངས་ཀྱང་མ་ཕེབས།
༡༤༡༤ ཡང་བསྐྱར་རྗེ་རིན་པོ་ཆེ་གདན་དྲངས་པར་སྐུ་ཚབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མངགས།
༡༤༣༤ ཕག་གྲུ་ནང་ཞིག་གི་ལོ་ཟེར།
༡༤༩༠ རིན་སྤུངས་པས་བོད་དབང་བསྒྱུར་འགོ་ཚུགས།
༡༤༩༨ གཙང་དམག་ལྷ་སར་འབྱོར། རིན་སྤུངས་པས་བོད་ཡོངས་རྫོགས་བཟུང༌།
༡༥༦༣ གཙང་པས་ངོ་ལོག་བརྒྱབ་འགོ་ཚུགས།
༡༥༦༥ གཙང་པས་བོད་དབང་བསྒྱུར།
༡༦༣༣ རྒྱལ་མཆོག་ལྔ་པ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཆོས་རྗེ་སྦྱིན་པ་རྒྱ་མཚོ་མན་ཇུ་རྒྱལ་པོར་འཚམས་འདྲིར་མངགས།
༡༦༣༨ གུ་ཤྲི་ཁཱང་རྒྱལ་བ་ལྔ་པ་མཇལ་ཞིང་ཆོས་འབྲེལ་ཞུས། བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་བསྟོད་གནང༌། སོག་ཡུལ་དུ་གཏན་བཞུགས་ྋགོང་ས་མཆོག་གི་སྐུ་ཚབ་བཏང༌།
༡༦༣༨ མན་ཇུ་རྒྱལ་པོ་ཐེའུ་ཙུང་གིས་ྋགོང་ས་ལྔ་པར་གདན་ཞུ་འབུལ་བར་ཚ་ཁན་བླ་མ་མངགས།
༡༦༤༠ གུ་ཤྲི་ཁཱང་གིས་བེ་རིའི་དཔོན་ཐོག་དམག་དྲངས་མདོ་ཁམས་ཀུན་དབང་དུ་བསྡུས།
༡༦༤༢ སྡེ་པ་གཙང་པ་ ཀརྨ་བསྟན་སྐྱོང་དབང་པོ་ གོ་ཤྲི་ཁཱང་གིས་དབང་དུ་བསྡུས། ལོ་དེའི་བོད་ཟླ་བཞི་པའི་ཚེས་ལྔ་ཉིན་རྒྱལ་དབང་ལྔ་པ་གཙང་དུ་གདན་ཞུས་ཀྱིས་བསམ་འགྲུབ་རྩེའི་ཚོམས་ཆེན་ནང་ྋགོང་ས་མཆོག་ལ་བོད་ཡོངས་ཀྱི་མངའ་དབང་ཕུལ། རྒྱལ་པོ་རང་ཉིད་རྒྱུད་བཅས་ྋགོང་ས་ཆེན་པོའི་ཞབས་ཞུ་བར་ཕུལ། ཞལ་ངོ་བསོད་ནམས་ཆོས་འཕེལ་ལམ་བསོད་ནམས་རབ་བརྟན་སྡེ་སྲིད་དུ་བསྐོས། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བཀྲིས་བདེ་ལེགས་འབྱོར། མན་ཇུར་སྐུ་ཚབ་བཏང༌།
༡༦༤༤ མན་ཇུས་རྒྱ་ནག་དབང་བསྒྱུར། ཆིང་རྒྱལ་རབས་འགོ་ཚུགས།
༡༦༤༥ རྩེ་པོ་ཏ་ལ་བཞེངས་འགོ་ཚུགས།
༡༦༥༢ ྋགོང་ས་ལྔ་པ་རྒྱ་ནག་ཏུ་ཆིབས་ཐོན།
༡༦༥༣ ྋགོང་མ་དང་རྒྱལ་ཁབ་འདྲ་མཚུངས་ཀྱི་ཆེ་བསྟོད་མཇལ་འཕྲད་གནང༌།
༡༦༥༤ གུ་ཤྲི་ཁཱང་འདས།
༡༦༥༨ གུ་ཤྲིའི་སྲས་བསྟན་འཛིན་རྡོ་རྗེ་རྒྱལ་པོའི་གོ་མིང་གནང་ནས་སོག་དམག་གི་དབུ་འཁྲིད་མཛད།
༡༦༦༠ གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་དུ་འཁོད། ཇ་སང་སྡེ་པ།
༡༦༦༡ བལ་པོའི་དཔུང་དམག་གིས་གླང་བུ་མཁར་དུ་ཚུར་རྒོལ་བྱུང་བ་མཐའ་སྤྲོད་གནང་ཞིང༌། དེའི་རྗེས་ལོ་ནས་བལ་པོ་རྒྱལ་ཁབ་གསུམ་ཀས་དགུང་གསར་དུ་སྐུ་ཚབ་བཅར།
༡༦༦༢ འབྲས་ལྗོངས་རྒྱལ་པོ་བསྟན་སྲུང་རྣམ་རྒྱལ་མཇལ་ཁར་བཅར།
༡༦༦༥ མན་ཇུའི་གོང་མ་གཉིས་པ་ཁང་ཤི་ནས་སྐུ་ཚབ་བཏང་སྟེ་སོག་པོར་རྒྱ་མིའི་ས་མཚམས་ལ་གནོད་བཙེར་མི་ཡོང་བ་ཞུས་པ་བཞིན་སྐུ་ཚབ་ཆེད་གཏོང་གིས་རྒྱ་སོག་གཉིས་ཀར་ཕན།
༡༦༦༩ མཆོད་དཔོན་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོས།
༡༦༧༠ སོག་པོ་ཨ་རོད་ནང་འཁྲུག་བྱུང་བར་སྐུ་ཚབ་བཏང་སྟེ་ལྷིང་འཇགས་བཟོས།
༡༦༧༡ གུ་ཤྲིའི་སྲས་ཆུང་བ་དཱ་ལའི་ཁང་ལ་རྒྱལ་པོའི་གོ་གནས་བསྩལ།
༡༦༧༥་་༧༦ བློ་བཟང་སྦྱིན་པ་སྡེ་སྲིད་དུ་བསྐོས།
༡༦༧༧་་༧༨ མན་ཇུ་གོང་མ་ཁང་ཤིས་ནང་བློན་ངོ་ལོག་གི་དམག་འཁྲུག་ལ་བོད་སོག་དམག་རོགས་ཞུ་བར་བང་མི་བཏང་ཡང་དམག་རོགས་མ་གནང༌། རྒྱལ་བློན་ནང་འཆམ་དགོས་པའི་བཀའ་བསྩལ།
༡༦༧༩ གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས།
༡༦༨༠ ལ་དྭགས་ལ་དམག་བརྒྱབས།
༡༦༨༢ ྋགོང་ས་ལྔ་པ་ཞི་བར་གཤེགས་པ་གསང་རྒྱ་བྱས།
༡༦༩༧ རྒྱལ་བ་ལྔ་པ་གཤེགས་པའི་གསང་རྒྱ་བརྟོལ་བ་དང་དྲུག་པའི་ངོས་འཛིན་དུས་མཉམ་དུ་བྱས།
༡༦༩༩ དཱ་ལའི་ཁན་གྱི་སྲས་བསྟན་འཛིན་དབང་རྒྱལ་དང་ལྷ་བཟང་གཉིས་མ་མཐུན་པར་གཞུང་ནས་བར་འདུམ་གྱིས་ལྷ་བཟང་མཚོ་ཁར་ཕེབས་བཞུགས་བྱས། མི་རིང་བར་དཱ་ལའི་ཁན་གཤེགས་རྗེས་བསྟན་འཛིན་དབང་རྒྱལ་ཧོང་ཐའི་ཇིའི་བུ་དོད་དུ་སོག་ཡུལ་དུ་བཞུགས་ནས་ལྷ་བཟང་ཁང་བོད་དུ་རྒྱལ་པོའི་མཚན་གནས་བཞེས།
༡༧༠༥ ལྷ་བཟང་དང་སྡེ་སྲིད་སངས་རྒྱམ་མ་འཆམ་པར་གྲོས་བསྡུར་གྱིས་ལྷ་བཟང་རྒྱལ་པོའི་མཚན་གནས་རང་འཇགས་ཐོག་མཚོ་ཁར་བཞུགས་རྒྱུ་དང་སྡེ་སྲིད་དགོངས་ཞུ་གནང་རྒྱུ་བྱས། སྲས་ངག་དབང་རིན་ཆེན་སྡེ་སྲིད་དུ་བསྐོས།
༡༧༠༥་་༠༦ གཉིས་ཀས་གྲོས་ཆོད་ལ་མ་གནས་པར་རྒྱལ་པོས་ནག་ཆུ་ནས་དམག་འཁྲིད་ནས་སྡེ་སྲིད་གོང་དཀར་ནས་བཟུང་སྟེ་སྐྱོར་མོ་ལུང་དུ་བཀྲོངས། སྡེ་སྲིད་ངག་དབང་རིན་ཆེན་བྲོས་ཚུལ་བཤད་ཀྱང་དོན་དུ་སོག་ཡུལ་དུ་བསྐྲད་དམ་སྙམ། ཚངས་དབྱངས་རྒྱ་མཚོ་སོག་ཡུལ་དུ་གདན་དྲངས།
༡༧༠༧ ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲིར་བཏོན།
༡༧༡༧ སོག་པོ་ཇུན་སྒར་གྱི་དམག་འབྱོར། ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲི་ལས་ཕབ།
སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན་སྡེ་སྲིད་དུ་བསྐོས།
༡༧༢༠ རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོ་སོག་པོ་དང་མན་ཇུའི་དམག་བཅས་བོད་དུ་ཕེབས།
༡༧༢༠ བོད་མི་གཉིས། མན་ཇུ་གཉིས། སོག་པོ་གསུམ་བཅས་མི་བདུན་གྱི་ཞིབ་དཔྱོད་རྗེས་ཇུན་སྒར་ཕྱོགས་གཏོགས་སྟག་རྩེ་བ་ལྟོས་བཅས་རྐྱེན་ལམ་དུ་བཏང༌།
༡༧༢༡ རྒྱ་བོད་སོག་གསུམ་བདུན་སྒྲིལ་ཞིབ་དཔྱོད་ཕྱིར་བསྡུ་དང༌། སྒར་དཔོན་བསོད་རྒྱལ། ང་ལུམ་སྦྱར་གསུམ། ཕོ་ལྷ་བ་བསོད་སྟོབས་བཅས་བཀའ་བློན་བཞི་སྦྲེལ་ལ་བོད་ཀྱི་ཆབ་སྲིད་སྤྲད། ཇུན་སྒར་ཚུར་རྒོལ་ཉེན་སྲུང་དུ་རྒྱ་དམག་བཞི་སྟོང་བོད་ལ་བཞག དེ་མིན་སོག་པོ་དང་མན་ཇུ་ཕྱིར་ལོག
༡༧༢༤ རྒྱ་དམག་ཕྱིར་འཐོན།
༡༧༢༦ རྒྱལ་མཆོག་བདུན་པས་དའི་ཆིང་བ་ཐུར་གཙོ་བོ་དང་པས་སེ་ང་ཕོད་ལ་ལས་རོགས་ལུམ་པར་གུང་དང༌། སྦྱར་ཕོ་གཉིས་ལ་ཐའི་ཇིའི་གོ་གནས་བསྩལ་ཞིང༌། ལྷ་བཟང་དང་ཇུན་སྒར་སྐབས་ཉམས་ཆག་ཕྱིན་པའི་ཆབ་སྲིད་བསྐྱར་གསོ་དགོས་རྒྱུ་ཕེབས།
༡༧༢༧ བཀའ་བློན་ནང་འཁྲུག་དང༌། དའི་ཆིང་བ་ཐུར་བཀྲོངས།
༡༧༢༨ མན་ཇུའི་དམག་འབྱོར། ཕོ་ལྷས་བོད་ཀྱི་ཆབ་སྲིད་བཟུང༌། ང་ལུམ་སྦྱར་གསུམ་བསད། བོད་དུ་མན་ཇུའི་ཨམ་བན་གཉིས་དང་སྐུ་སྲུང་དམག་བཅས་བཞག
༡༧༢༨ རྒྱལ་མཆོག་བདུན་པ་མན་ཇུའི་དམག་མཉམ་གོང་མ་མཇལ་ཆེད་ཁམས་སུ་ཕེབས།
༡༧༣༥ ྋགོང་ས་མཆོག་ལྷ་སར་ཕེབས།
༡༧༤༧ ཕོ་ལྷ་འདས། སྲས་ཆུང་བ་འགྱུར་མེད་རྣམ་རྒྱལ་གྱིས་ཆབ་སྲིད་བཟུང༌། བོད་དམག་གསར་འཛུགས་བྱས། ཨམ་བན་དང་རྒྱ་དམག་ཕྱིར་འཐེན་དགོས་འདུན་བཏོན་པ་ལྟར་ཨམ་བན་གཉིས་ལ་སྲུང་དམག་བརྒྱ་ལས་མི་དགོས་པ་བྱས་ཤིང༌། དམག་རྒྱགས་རྒྱ་ནག་རང་ནས་གཏང་རྒྱུ་བྱས། མན་ཇུས་ཁོང་སྤུན་གཉིས་དབར་ གཅེན་འགྱུར་མེད་ཚེ་བརྟན་མངའ་རིས་སྒར་དཔོན་ ཕྲ་མ་བཅུག་ཅིང༌། བཀའ་བློན་རྡོ་རིང་དང་མདོ་མཁར་ཞབས་དྲུང་སོགས་དབར་ཀྱང་ཕྲ་མ་བཅུག་པ་ཤེས་རྗེས་ཨམ་བན་དམག་བཅས་དུས་བཀག་གིས་ཕྱིར་ལོག་དགོས་ཚུལ་དང༌། དེ་མིན་རྩ་མེད་གཏང་རྒྱུའི་ཐ་ཚིག་བཏང༌།
༡༧༥༠ ཨམ་བན་གྱིས་ ཝང་དཱ་ཡི་བ་ཐུར་ འགྱུར་མེད་རྣམ་རྒྱལ་དབུ་སྐོར་གྱིས་བསད། དེ་འཕྲལ་མགྲོན་གཉེར་བློ་བཟང་བཀྲིས་དང་ལྷ་སའི་མི་མང་གི་ངོ་རྒོལ་གྱིས་ཨམ་བན་གཉིས་དང་རྒྱ་དམག་མང་པོ་བསད། དེའི་ཕྱི་ཉིན་ནས་རྡོ་རིང་ལ་འགན་བསྐུར་གནང་སྟེ་ལྷིང་འཇགས། བློ་བཀྲ་སོགས་བྲོས་པ་རྗེས་སུ་བསད། རིང་མིན་ྋགོང་ས་མཆོག་ནས་ལུགས་གཉིས་ཀའི་ཐུགས་འགན་བཞེས།
༡༧༥༡ བཀའ་བློན་བཞི་བསྐོ་བཞག་གིས་བཀའ་ཤག་ལ་མཉམ་འདུས་ཀྱི་ལས་འགན་དགོས་པ་གནང་སྟེ་བཀའ་དམ་བདེ་སྐྱིད་མ་བསྩལ།
༡༧༥༧ རྒྱལ་མཆོག་བདུན་པ་ཞི་བར་གཤེགས། དེ་མོ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོ་རྒྱལ་ཚབ་ཏུ་བསྐོས།
༡༧༦༢ རྒྱལ་བ་འཇམ་དཔལ་རྒྱ་མཚོ་གསེར་ཁྲིར་ཕེབས། དེ་མོ་གཤེགས།
༡༧༧༧ ཁྲི་ཟུར་ཚ་རྡོར་ངག་དབང་ཚུལ་ཁྲིམས་རྒྱལ་ཚབ་ཏུ་བསྐོས།ཚེ་སྨོན་གླིང༌།
༡༧༨༡ རྒྱལ་བ་འཇམ་དཔལ་རྒྱ་མཚོས་ཆབ་སྲིད་བཞེས། ཚ་རྡོར་ཕྱག་རོགས་སུ་བཞུགས།
༡༧༨༦ ཚ་རྡོར་རྒྱ་ནག་ཏུ་ཕེབས་ཚབ་རྟ་ཚག་རྗེ་དྲུང་ཡེ་ཤེས་བསྟན་པའི་སྒྲོན་མེ་ཀུན་གླིང་ ཕྱག་རོགས་སུ་བསྐོས།
༡༧༨༨་་༩༢ གོར་དམག་དང་པོ་བྱུང༌། རྫོང་བཞི་ཤོར། རྒྱ་དམག་ཕྲན་བུ་འབྱོར་ཡང་དམག་མ་བརྒྱབ་པར་ཆིངས་བསྒྲིག་བྱ་དགོས་བརྗོད། བཀྲས་ལྷུན་དང་ས་སྐྱས་ཆིངས་བསྒྲིག་གནང༌།
༡༧༩༠ ཚ་རྡོར་ངག་ཚུལ་བོད་དུ་ཕེབས་ནས་སྔར་རྒྱུན་རྒྱལ་བའི་ཕྱག་རོགས་གནང༌།
༡༧༩༡ ཚ་རྡོར་གཤེགས། རྟ་ཚག་བསྐྱར་དུ་ཕྱག་རོགས་སུ་བསྐོས།
༡༧༩༢ གོར་དམག་བསྐྱར་དུ་བྱུང༌། རྒྱ་མིས་དམག་རོགས་ཡོང༌། གོར་ཁ་ཕམ། ཆིངས་ཡིག་བཞག བོད་ཀྱི་ལས་དོན་བྱེད་ཕྱོགས་དོན་ཚན་ཉེར་དགུ་ཞེས་པ་དེ་བཞག
༡༨༠༤ རྒྱལ་བ་འཇམ་དཔལ་རྒྱ་མཚོ་ཞི་བར་གཤེགས། རྟ་ཚག་བསྟན་སྒྲོན་རྒྱལ་ཚབ་གནང༌།
༡༨༠༨ རྒྱལ་བ་དགུ་པ་ལུང་རྟོགས་རྒྱ་མཚོ་གསར་ཁྲིར་ཕེབས།
༡༨༡༡ རྟ་ཚག་གཤེགས། དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རྒྱལ་ཚབ་ཏུ་འཁོད། བསྟན་རྒྱས་གླིང༌།
༡༨༡༥ རྒྱལ་བ་ལུང་རྟོགས་དགུང་གྲངས་ ༡༡ ལ་གཤེགས།
༡༨༡༩ དེ་མོ་གཤེགས།
༡༨༢༠ ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་རྒྱལ་ཚབ་ཏུ་འཁོད།
༡༨༢༢ རྒྱལ་བ་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་གསེར་ཁྲིར་ཕེབས།
༡༨༣༧ རྒྱལ་བ་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དགུང་གྲངས་ ༢༢ ལ་གཤེགས།
༡༨༤༢ རྒྱལ་བ་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་གསེར་ཁྲིར་ཕེབས།
༡༨༤༤ ཚེ་སྨོན་གླིང་ཁྲི་ལས་ཕབ། པཎ་ཆེན་བསྟན་པའི་ཉི་མས་ཆབ་སྲིད་ཟླ་བ་དགུ་བསྐྱངས།
༡༨༤༥ རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ་རྒྱལ་ཚབ་ཏུ་བསྐོས།
༡༨༥༥ རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་གྲངས་ ༡༨ ལ་ཆབ་སྲིད་བཞེས་ཤིང༌། ལོ་དེར་ཞི་བར་གཤེགས། རྭ་སྒྲེང་བསྐྱར་དུ་རྒྱལ་ཚབ་ཏུ་བསྐོས།
༡༨༥༥་་༥༦ གོར་དམག་གཉིས་པ་བྱུང༌། ཆིངས་ཡིག་བཞག་ནས་ལོ་ཁྲལ་སྤྲད་རྒྱུ་བྱས།
༡༨༥༦ བཀའ་བློན་བཤད་སྒྲ་གནས་དབྱུང་བཏང༌།
༡༨༦༠ རྒྱལ་བ་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་གསེར་ཁྲིར་ཕེབས།
༡༨༦༢ བཤད་སྒྲས་གྱེན་ལང་ལ་དགའ་འབྲས་དྲུང་སྤྱིས་རྒྱབ་སྐྱོར་གྱིས་རྭ་སྒྲེང་ཁྲི་ལས་ཕབ་པ་རྒྱ་ནག་ཏུ་བྲོས། འཕྲིན་ལས་རྒྱ་མཚོར་ཆབ་སྲིད་ཕུལ་ནས་བཤད་སྒྲ་སྡེ་སྲིད་དུ་འཁོད།
༡༨༦༤ བཤད་སྒྲ་འདས། ཁྲི་ཟུར་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོས།
༡༨༧༢ སྡེ་དྲུག་གཤེགས།
༡༨༧༥ རྒྱལ་བ་འཕྲིན་ལས་དགུང་ལོ་ ༢༠ ལ་ཞི་བར་གཤེགས། རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་རྒྱལ་ཚབ་ཏུ་ཕེབས།
༡༨༧༨ རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་གསེར་ཁྲིར་ཕེབས།
༡༨༨༦ རྟ་ཚག་གཤེགས། དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རྒྱལ་ཚབ་ཏུ་འཁོད།
༡༨༩༠ དབྱིན་རྒྱའི་བོད་སྐོར་ཆིངས་ཡིག་དང་པོ་བཞག
༡༨༩༣ དབྱིན་རྒྱའི་བོད་སྐོར་ཆིངས་ཡིག་གཉིས་པ་བཞག གཉིས་ཀར་བོད་པས་ཁས་མ་བླང༌།
༡༨༩༥ རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཆབ་སྲིད་བཞེས།
༡༨༩༨་་༡༩༠༥ བོད་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་ཕྱིན།
༡༩༠༣ དབྱིན་དམག་བོད་དུ་ཐོན།
༡༩༠༤ ཁྲི་བློ་བཟང་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོས། ྋགོང་ས་མཆོག་སོག་ཡུལ་དུ་ཕེབས། དབྱིན་དམག་ལྷ་སར་འབྱོར། དབྱིན་བོད་བར་ཐད་ཀར་ཆིངས་ཡིག་བཞག
༡༩༠༨ ྋགོང་ས་མཆོག་རྒྱ་ནག་ཏུ་ཕེབས། ྋགོང་མ་ཡུམ་སྲས་མཇལ།
༡༩༠༩ ལྷ་སར་ཞབས་སོར་འཁོད། དེའི་ལོར་རྒྱ་དམག་ལྷ་སར་འབྱོར།
༡༩༡༠ དགའ་ཁྲི་ཚེ་སྨོན་གླིང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོས་ནས་ྋགོང་ས་མཆོག་རྒྱ་གར་དུ་ཕེབས།
༡༩༡༢ རྒྱ་ནག་མན་ཇུ་གོང་མ་ཁྲི་ལས་ཕབ། རྒྱ་ནག་མང་གཙོའི་སྲིད་གཞུང་ཚུགས། བོད་ནས་རྒྱ་དམག་འཕྲོ་ལུས་དང༌། ཨམ་བན་བཅས་འགོ་འབུལ་ཆིངས་ཡིག་དང་སྦྲགས་རྒྱ་ནག་ཏུ་བརྫངས།
༡༩༡༣ ྋགོང་ས་མཆོག་ལྷ་སར་ཕེབས། བོད་རང་བཙན་གྱི་གསལ་བསྒྲགས་བསྐྱར་ནན་གནང༌། སོག་པོའི་མཉམ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག
༡༩༡༤ སིམ་ལའི་བོད་རྒྱ་དབྱིན་གསུམ་དང༌། བོད་དབྱིན་དབར་ཆིངས་ཡིག་བཞག རྒྱ་གར་དང་བོད་ཀྱི་ས་མཚམས་ཐིག་བརྒྱབས།
༡༩༢༧ ཅང་ཀི་ཤེག་འོག་གོ་མིན་ཏང་སྲིད་གཞུང་ཚུགས། སྔོན་བོད་སོག་འབྲེལ་བཏུད་ཁང་དེ་བོད་སོག་ཨུ་ཡོན་ལས་ཁུངས་སུ་བསྒྱུར།
༡༩༢༩ ཅང་ཀི་ཤེག་གིས་ཡུང་ཧོ་གུན་མཁན་པོ་དཀོན་མཆོག་འབྱུང་གནས་བརྒྱུད་ྋགོང་ས་མཆོག་ལ་འབྲེལ་འགོ་བཙུགས།
༡༩༣༡ ནན་ཅིང་དོན་གཅོད་ལས་ཁུངས་བཙུགས།
༡༩༣༠་་༣༢ ཁམས་ཕྱོགས་སུ་རྒྱ་བོད་དམག་འཁྲུག་བྱུང༌།
༡༩༣༢ རྒྱ་བོད་དམག་འཁྲུག་བར་མཚམས་བཞག་རྒྱུའི་འཕྲལ་སེལ་གྲོས་ཆོད་བཞག
༡༩༣༣ ྋགོང་ས་མཆོག་སྐུ་མྱ་ངན་ལས་འདས།
༡༩༣༣ གོ་མིན་ཏང་གི་མི་སྣ་དགོངས་རྫོགས་མཆོད་འབུལ་དུ་འབྱོར།
༡༩༣༤ ར་སྒྲེང་རྒྱལ་ཚབ་ཏུ་འཁོད།
༡༩༤༡ སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་རྒྱལ་ཚབ་ཏུ་འཁོད།
༡༩༤༠ འཛམ་གླིང་དམག་གཉིས་པའི་སྐབས་སུ་བར་བཞུགས་རྒྱལ་ཁབ་ཀྱི་ཚུལ་དུ་གནས།
༡༩༤༧ བསམ་ཕོ་སོགས་བོད་ཀྱི་སྐུ་ཚབ་ལྡི་ལིར་ཨེ་ཤེ་ཡའི་འབྲེལ་ལམ་ཚོགས་འདུར་ཕེབས།
༡༩༤༨ ཞ་སྒབ་པ་སོགས་བོད་ཀྱི་ཚོང་འབྲེལ་སྐུ་ཚབ་ཨ་རི་སོགས་སུ་ཕེབས།
༡༩༤༩ རྒྱ་མིའི་བཙན་འཛུལ་འགོ་ཚུགས།
༡༩༥༠ ྋགོང་ས་སྐུ་ཕྲེང་ ༡༤ མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས།
༡༩༥༡ རྒྱ་མིས་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག
༡༩༥༤ ྋགོང་ས་མཆོག་དང་པཎ་ཆེན་རྣམ་གཉིས་རྒྱ་ནག་ཏུ་ཕེབས།
༡༩༥༥ བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས།
༡༩༥༦ ྋགོང་ས་མཆོག་དང་པཎ་ཆེན་རྒྱ་གར་དུ་ཕེབས།
༡༩༥༩ གསུམ་བཅུའི་སྒེར་ལངས་དང་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས། དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་པ་དང༌། རྩིས་མེད་ཡིན་པ་གསལ་བསྒྲགས་གནང༌།
འདི་ནི་ཟབ་སྦྱོང་ཞིག་གི་ཐོག་བོད་ཀྱི་བྱུང་རབས་སྐོར་གནང་རྒྱུའི་གསུང་བཤད་ཆེད་བཟོ་གནང་མཛད་པ་ཞིག་རེད་འདུག།