བོད་སྐད་ཡིག་གི་རྒྱབ་རི་སྨུག་པོ།

བསྟན་འཛིན་ཆོས་དབྱིངས། ལོ་༡༥ དཔེ་སྟོན་སློབ་གྲྭ།
སྐད་ཡིག་ལ་སོགས་ཡོན་ཏན་བརྩོན་པས་སྦྱངས།།
ལྷད་མེད་ཚུལ་ཁྲིམས་སྲོག་བཞིན་ལེགས་པར་འཛིན།།
འཇིག་རྟེན་སྡུག་བསྔལ་བཟོད་པས་བག་ཡོད་ཀྱི།།
སེམས་རྒྱུད་བཅོས་པའི་རྒྱབ་རི་སྨུག་པོ་ལགས།།

རིགས་དྲུག་སྙིང་ནས་བསྐྱངས་པའི་ཡབ་ཆེན་ལགས།།
མཁའ་ཉམས་བདེ་སྡུག་སེལ་བའི་མདུན་བསྐྱོད་པ།།
སོན་རྩ་ང་ཚོའི་ཆེད་དུ་གསར་གཏོད་ཀྱིས།།
མེས་དཔོན་གཙུག་ལག་སློབ་གྲྭ་གསར་བསྐྲུན་མཛད།།

བོད་གཞུང་འགན་ཁུར་ཁོང་གིས་ཕྲག་ཏུ་བཞེས།།
ཁྲིམས་སྒྲིག་ཡོད་ཚད་བཅོས་ཐབས་འབད་བརྩོན་གནང་།།
བོད་འབངས་ཐམས་ཅད་དགའ་བདེའི་དཔལ་ལ་བཀོད།།
བཀའ་བློན་ཁྲི་པའི་མཛད་ཁུར་བླ་ན་འཕགས།།

བོད་པའི་རྒྱལ་ཁབ་གསར་སྐྲུན་ཆོད་སེམས་ཀྱིས།།
ཆིག་སྒྲིལ་གཞན་ཕན་༸རྒྱལ་བའི་བཀའ་བཞིན་བསྒྲུབས།།
ཤེས་བྱར་སྦྱངས་བརྩོན་དུས་ཚོད་སྟངས་འཛིན་གྱིས།།
རང་དབང་བདེན་མཐའི་རེ་སྨོན་སེམས་སུ་བཅངས།།

ད་ལྟ་གསར་སྦྱང་ན་ཆུང་སློབ་མའི་ཆེད།།
རིག་པའི་དགའ་ཚལ་ལས་འགུལ་སྣ་ཚོགས་སྤེལ།།
བོད་མིའི་དབུ་འཁྲིད་ཟམ་གདོང་རིན་པོ་ཆེ།།
དགའ་དད་སྤྲོ་བས་ཁྱེད་ཀྱི་འཁྲུངས་སྐར་བསུ།།