བཀྲ་ཤིས་སྨོན་ཚིག
ནོར་གླིང་། གཡུ་སྒང་དགེ་འདུན།
སྔོན་བྱོན་པཎ་གྲུབ་ཉི་མ་གཞོན་ནུའི་སྐུས།།
སྙིང་རྗེའི་གཟི་བྱིན་གདོང་དམར་ཡུལ་དུ་འཕྲོས།།
རིག་པའི་དབང་ཕྱུག་མི་ཡིའི་རྣམ་རོལ་བ།།
ཟམ་གདོང་སྤྲུལ་པའི་རྐང་ཐུང་ཁྱོན་འདིར་འཛུམ།།
ཟམ་ཟོམ་ལས་ཀྱི་དྲི་མ་རྒྱང་དུ་བསྐྱུར།།
གདོང་དམར་བོད་ལ་ཤ་ཚའི་སྡུག་རུས་བསྐྱེད།།
སྤྲུལ་པའི་མིང་འཛིན་གྲངས་མེད་ཟིལ་གྱིས་མནན།།
ཆོས་སྲིད་ཐོགས་མེད་སྨྲ་བའི་སྐུ་དེ་རྒྱལ།།
སྐུ་ཉིད་དགུང་གྲངས་དོན་ལྔའི་དུས་སྟོན་ལ།།
མི་བཤིག་རྡོ་རྗེ་གྲུབ་པའི་སྐུ་བརྙེས་པར།།
བཀྲ་ཤིས་སྨོན་ཚིག་ཁ་བཏགས་དཀར་པོའི་ཆ།།
མི་ཕྱེད་དད་པས་ཕུལ་འདི་དགེ་གྱུར་ཅིག །