༄༅། །ཟམ་གདོང་བླ་མའི་རྟོགས་བརྗོད་ཉུང་བསྡུས།

གདན་ས་དགའ་ལྡན། དགའ་ཉག་འཁྱམ་པོ།
འདུལ་འཛིན་དབུས་སུ་རྣམ་དག་ཁྲིམས་ཀྱིས་བརྗིད།།
མཁས་མང་ཁྲོད་དུ་ལེགས་བཤད་དཔལ་གྱིས་ཕྱུག།
འཚོ་བའི་ཁྲོད་དུ་ཉམ་ཆུང་ཀུན་སྤངས་ཚུལ།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།

ནང་བསྟན་རིག་གཞུང་སྨྲ་བའི་སྤོབས་པ་མཐོ།།
ཚན་རིག་ལོག་རྟོག་དགག་པའི་རྣམ་དཔྱོད་ཡངས།།
ལྐོག་ཟ་རུལ་སུང་ཚར་གཅོད་སྙིང་སྟོབས་ཆེ།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
བོད་དོན་འཐབ་རྩོད་ཕྱི་གསལ་ནང་གསལ་བཟོས།།
མཐའ་བྲལ་དབུ་ལམ་སྐྱོན་མེད་རིགས་པས་བསྒྲུབས།།
ལོག་རྟོག་མཁན་པོའི་སྨྲ་ལྕེ་དོག་པོར་བསྒྱུར།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
ཆུ་སྒང་གསར་རྙིང་འགལ་འདུའི་རླུང་འཚུབ་དབུས།།
རང་ཚུགས་བརྟན་པོས་དྲང་བདེན་ལམ་ལ་ཞུགས།།
ཆུ་སྒང་ཚོགས་པ་ཁྲིམས་ཀྱི་འོག་ནས་བཏོན།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
ཕྱི་ནང་མཁས་དབང་ཁྲི་དང་སྟོང་གི་དབུས།།
ཨིན་སྐད་ལེགས་སྦྱར་ཧིན་སྐད་བྱང་མའི་ཐོག།
ཆོས་སྲིད་གནད་ཀུན་བསྒྲགས་ལ་འཇིགས་མེད་པ།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
ཁྲི་བྱང་བླ་མའི་སློབ་མ་གྲངས་མེད་ཁྲོད།།
ངུར་སྨྲིག་གོས་དེ་རྒྱང་དུ་མ་གཡུག་པར།།
དགེ་ལྡན་བསྟན་པ་འཛིན་ལ་ཟླ་བྲལ་བ།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
ས་སྟེང་རིན་ཆེན་གསེར་གྱིས་བཀང་བ་དང་།།
གླིང་བཞི་ཉི་ཟླ་གྲོགས་སུ་བསྟེན་པ་ཡིས།།
ཇི་ཙམ་བཙལ་ཡང་གཏན་ནས་མི་རྙེད་པའི།།
མི་རྗེ་མཁས་དབང་ཟམ་གདོང་བླ་མར་འདུད།།
བར་མ་མདོ་ནས་མི་ཚེ་སྐྱེལ་བ་དང་།།
ཡ་མ་ཟུང་གི་འཚོ་བ་བསྟེན་པ་ཡི།།
ར་མ་ལུག་གི་འགྲོ་བ་ཡོད་ཚད་ཀྱིས།།