བཙན་བྱོལ་བའི་ཉི་མ་སེར་པོ།

བསྟན་འཛིན་ལུང་རིག རང་ལོ་ ༡༥ དཔེ་སྟོན་སློབ་གྲྭ
ཁ་དོག་སྔོ་བའི་གོ་ལ་རིལ་པོའི་ནང་།།
སྣ་ཁ་འཛོམས་པའི་མི་རིགས་འདྲ་མིན་གནས།།
རླབས་ཆེན་ཁྱེད་དང་འགྲན་པ་ཅི་ཡང་མེད།།
རང་ཡུལ་ཆེད་དུ་བྱས་རྗེས་བཞག་པ་རྨད།།

ན་གཞོན་བོད་མི་ང་ཚོས་སྙིང་དབུས་ནས།།
ཁྱེད་ཉིད་ཐེངས་མང་མཇལ་བའི་བྱིན་མཐུ་ཡིས།།
སེམས་ནང་ཞི་བདེའི་ས་བོན་ཡང་ཡང་བཏབ།།
དད་བཞིན་དད་བཞིན་ཁྱེད་ལ་གུས་བརྩི་སྐྱེས།།

མཁས་པའི་དབང་པོོ་རིན་ཆེན་ཁྱེད་ཉིད་ཀྱིས།།
བོད་དོན་སྲུང་སྐྱོབ་ལས་གཞི་ཁོ་ནའི་ཆེད།།
སློབ་གྲྭ་གང་མང་གསར་སྐྲུན་བྱས་ཡོད་པས།།
མི་སེར་རྣམས་ཀྱིས་རེ་བ་ཁྱེད་ལ་བཅོལ།།

བོད་པའི་རྒྱལ་རབས་གཞུང་ལམ་རིང་མོ་རུ།།
འདས་པའི་ལོ་ངོ་བཅུ་ཡི་ཁོར་ལོའི་ནང་།།
ཁྱེད་ཀྱིས་བོད་པར་ལམ་སྟོན་ཟབ་པ་དང་།།
གཞན་ཕན་བྱ་བའི་ལམ་བཟང་ཁྱོད་ཀྱིས་གནང།།

བོད་འབངས་ཐམས་ཅད་བདེ་སྐྱིད་ལམ་ལ་བསྐྱོད།།
ཁྱེད་ཀྱི་རེ་བ་ལྟར་བཞིན་ང་ཚོས་བསྒྲུབས།།
མཁས་དབང་ཟམ་གདོང་རིན་པོ་ཆེ་ཉིད་ནི།།
ང་ཚོ་བཙན་བྱོལ་བོད་མིའི་ཉི་མ་ཡིན།།