སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱ་གར་གྱི་རྒྱལ་སར་མཛད་འཕྲིན་བསྐྱངས་པ།

ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷརྨཤཱལཱ་ནས་དིལླཱིར་ཕེབས་འབྱོར་གྱིས་ཕྱི་དྲོ་རྒྱ་གར་བ་མཇལ་མཁན་ཁག་ལ་མཇལ་འཕྲད་གནང་།Samdhong Rinpoche in Delhi 1༢༠༡༦ ཕྱི་ཟླ་ ༥ ཚེས་ ༧ ཉིན་སྔ་དྲོ་མཇལ་མི་རྣམས་ལ་མཇལ་འཕྲད་དང་། ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) ཀྱི་ཚོགས་ཁང་ཞིག་ཏུ་ “ང་ཚོའི་འཇིག་རྟེན་གྱི་གནས་སྟངས་དང་ང་ཚོའི་ལས་འགན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་དང་དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཞིང་། དེ་ནི་ South Asian Dialogues on Ecological Democracy (SADED) ཞེས་པའི་ཚོགས་པས་གོ་སྒྲིག་གནང་བ་དང་། སྐབས་དེར་སློབ་དཔོན་དང་། འབྲི་རྩོམ་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ། གསར་འགོད་པ་སོགས་མང་པོ་ཕེབས་འཛོམས་བྱུང་འདུག

Samdhong Rinpoche in Delhi 2༢༠༡༦ ཕྱི་ཟླ་ ༥ ཚེས་ ༨ ཉིན་སྔ་དྲོ་མཇལ་མི་ཁག་ལ་མཇལ་འཕྲད་དང་། དེ་རྗེས་ཚེའི་ཡེ་ཤེས་དགེ་རྩ་ (Ayur Gyan Nyas) ཚོགས་པའི་དགེ་རྩ་བའི་ཚོགས་འདུར་ (Trustees Meeting) མཉམ་ཞུགས་ཀྱིས་གཙོ་སྐྱོང་གནང་། ཕྱི་དྲོ་སླར་ཡང་མཇལ་མི་ཁག་ལ་མཇལ་འཕྲད་གནང་བ་མ་ཟད། རྒྱ་གར་གྱི་རྒྱལ་ས་དིལླཱིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) ཀྱི་ཚོགས་ཁང་གཞན་ཞིག་ཏུ་ “དེང་རབས་དང་སྲོན་རྒྱུན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དེ་རྗེས་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་ཞིང་། དེ་ནི་ Astha Bharati ཞེས་པའི་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད། ཚོགས་པ་དེའི་ལོ་འཁོར་གསུང་བཤད་དབུ་འཛུགས་ཀྱང་ཡིན་འདུག སྐབས་དེར་སློབ་དཔོན་དང་། འབྲི་རྩོམ་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ། རྒྱ་གར་འཛིན་སྐྱོང་ཞབས་ཞུ་བ་ཟུར་པ་སོགས་མང་པོ་ཕེབས་འདུག
༢༠༡༦ ཕྱི་ཟླ་ ༥ ཚེས་ ༩ ཉིན་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱི་ནས་ཕེབས་ཐོན་གནང་འདུག