སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཏུམ་ཀུར་གཙུག་ལག་སློབ་གྲྭར་གསུང་བཤད་གནང་བ།

༄༅།། ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཏུམ་ཀུར་གཙུག་ལག་སློབ་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ “སྟོང་ཚོ་གསར་པའི་ནང་བཟང་སྤྱོད་ཐོག་ནང་པའི་ལྟ་ཚུལ་” ཞེས་པའི་ཚོགས་ཆེན་ཏུམ་ཀུར་གཙུག་ལག་སློབ་ཁང་དུ་ཚོགས་པ་དེའི་དབུ་འབྱེད་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཞིང་། 10856467_760814577305307_858172314636943890_oཚོགས་ཆེན་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་མཛད་དེ་གཙོ་བོ་གང་ཉིད་ཀྱི་དམ་བཅའ་གསུམ་ལས་བརྩམས་ཏེ་བཀའ་སློབ་རྒྱས་པར་ཕེབས་ཡོད། སྐབས་དེར་དགུང་ལོ་བརྒྱ་དང་བརྒྱད་ལ་སོན་པའི་ཧིན་དུའི་བླ་མ་ཞིག་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ། ཀར་ན་ཊཀ་གཞུང་གི་བློན་ཆེན། རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི། ཏུམ་ཀུར་གཙུག་ལག་སློབ་ཁང་གི་རིགས་བདག་དང་རིགས་དྲུང་། སེར་བྱེས་གྲྭ་ཚང་ནས་ཕེབས་པའི་མཁས་དབང་ཁག དེ་བཞིན་མང་ཚོགས་ཀྱང་འདུ་འཛོམས་ཆེ།

10842335_760814530638645_4417315405039067647_o

ཉིན་རྒྱབ་ཀྱི་ཚོགས་ཐུན་ནང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཚོགས་ཆེན་གྱི་བརྗོད་གཞིའི་ཐོག་གསུང་བཤད་གཙོ་བོ་དེ་གནང་སྟེ། བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་གཙོ་བོ་རྣམས་གསུངས་འདུག