སྡེ་ཚན་གསུམ་པའི་ནང་གསལ་བའི་ལས་འགུལ་ཁག་གི་འཆར་གཞི་སྒྲིག་སྟངས་ཀྱི་དཔེ་མཚོན།

༄༅།། རྒྱ་གར་གྱི་གཞི་རིམ་གོང་མའི་སློབ་གྲྭ་ཁག་དང༌། གཙུག་ལག་སློབ་ཁང་ཁག་ཏུ་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་འཆར་གཞི།
༡ དམིགས་ཡུལ།
ཀ མཐར་ཐུག་བོད་དོན་བདེན་མཐའ་གསལ་ཐབས་དང༌།
ཁ གནས་སྐབས་རྒྱ་གར་གྱི་ན་གཞོན་སློབ་གཉེར་བ་རྣམས་དང་དེ་དག་གི་བརྒྱུད་ཁོ་ཚོའི་ནང་མི་ཉེ་འབྲེལ་བཅས་ལ་བོད་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་ཐབས།

༢ དགོས་པ།
རྒྱ་གར་མང་ཚོགས་སྤྱི་དང༌། ཁྱད་པར་དེང་དུས་ཀྱི་ན་གཞོན་མང་ཆེ་བར་བོད་ཀྱི་བྱུང་རབས། རྒྱ་གར་དང་བོད་ཀྱི་འབྲེལ་བ། ད་ལྟའི་བོད་ཀྱི་གནས་བབ་བཅས་ཀྱི་སྐོར་གོ་རྟོགས་ཆུང་ཞིང་དེའི་དབང་གིས་མང་ཚོགས་ཀྱི་བསམ་ཚུལ་ཤུགས་ཆེ་བསྐྲུན་མ་ཐུབ་པ་དེ་དག་ངོ་སྤྲོད་ཀྱི་ལས་འགུལ་འདིའི་ལམ་ནས་སེལ་ཐབས་བྱ་རྒྱུ་དང༌། གཞོན་སྐྱེས་ཁག་གི་ནང་བོད་དོན་ཐོག་གོ་རྟོགས་གོང་འཕེལ་སོང་ན། རྒྱ་གར་ནང་བོད་དོན་ཐོག་མང་ཚོགས་ཀྱི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་རྒྱུ།

༣ ལས་འགུལ་གྱི་དུས་ཡུན།

ཕྱི་ལོ་༢༠༠༨ ཟླ་༥ པ་ནས་ཟླ་བ་༡༠ བར་ཟླ་དྲུག་རིང་ལས་འགུལ་རིམ་པ་དང་པོ་སྤེལ་རྒྱུ།

༤ གཞི་རིམ་སློབ་གྲྭའི་ལས་རིམ།

གཞི་རིམ་སློབ་གྲྭ་ཁག་གི་ནང་གཏམ་བཤད་ཚོུད་རེ་དང༌། དྲི་བ་དྲིས་ལན་ཚོུད་རེ་ཡོད་པའི་ཚོུད་༢ ཀྱི་ཡུན་ཚད་ཅན་གྱི་ཚོགས་ཐེངས་གསུམ་ཚོགས་རྒྱུ། ཚོགས་ཐེངས་གསུམ་ཉིན་གསུམ་མམ་གཉིས་ལ་ཟིན་པ་བྱ་རྒྱུ།

༥ བརྗོད་གཞི།

ཚོགས་ཐེངས་དང་པོར་བོད་ཀྱི་བྱུང་རབས་མདོར་བསྡུས་དང༌། སྐད་ཡིག ནང་ཆོས། རིག་གཞུང་བཅས་ཀྱི་སྐོར།

ཚོགས་ཐེངས་གཉིས་པ། ༡༨༩༠ ནས་༡༩༥༩ བར་གྱི་བྱུང་རབས་སྤྱི་དང༌། ཁྱད་པར་༡༩༠༤ དབྱིན་ཇིའི་བཙན་འཛུལ་དང་དམག་མཚམས་ཆོད་པའི་ཆིངས་ཡིག ༡༩༡༠ རྒྱ་མིའི་བཙན་འཛུལ་དང་དམག་འཁྲུག་རྒྱལ་ཁ་ཐོབ་རྗེས་ཀྱི་ཆིངས་ཡིག སོག་བོད་མཛའ་འབྲེལ་ཆིངས་ཡིག ༡༩༡༤ སིམ་ལའི་ཆིངས་ཡིག ༡༩༤༧ ཨེ་ཤི་ཡ་འབྲེལ་ལམ་ཚོགས་འདུ། ༡༩༥༡ ཆིངས་ཡིག་དོན་ཚན་༡༧ སོགས་ཀྱི་སྐོར།

ཚོགས་ཐེངས་གསུམ་པ། ༡༩༥༩ ནས་ད་ལྟའི་བར་བཙན་བྱོལ་གྱི་གནས་བབ་དང༌། ༡༩༨༧།༨༨ ལོའི་ནང་གྱེན་ལངས་རྣམས་དང༌། འདི་ལོའི་གྱེན་ལངས་སྐོར། ད་ལྟའི་གནས་བབ། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་ཀྱི་སྐོར་དང༌། བོད་དོན་སྐོར་ཤེས་འདོད་ཡོད་མཁན་རྣམས་ལ་དཔེ་དེབ་དཀར་ཆག་ངོ་སྤྲོད་བྱ་རྒྱུ་བཅས།

༦ པར་རིས་འགྲེམས་སྟོན།

སློབ་ཁང་ཁག་ཏུ་ངོ་སྤྲོད་གསུང་བཤད་སྐབས་ཉིན་དང་པོར་ྋགོང་ས་མཆོག་གི་མཛད་རྣམ་དང༌། ཉིན་མཐའ་མར་འདི་ལོའི་བྱུང་རྐྱེན་བཅས་ཀྱི་པར་རིས་འགྲེམས་སྟོན་རེ་བྱ་རྒྱུ།

༧ གཙུག་ལག་སློབ་ཁང་ཁག་གི་ནང་ལས་རིམ།

གཙུག་ལག་སློབ་ཁང་ཁག་གི་ནང་གཏམ་བཤད་ཚོུད་རེ་དང༌། དྲི་བ་དྲིས་ལན་ཚོུད་རེ་ཡོད་པའི་ཚོུད་གཉིས་ཀྱི་ཡུན་ཚད་ཅན་གྱི་ཚོགས་ཐེངས་བཞི་ཚོགས་རྒྱུ་དང༌། ཚོགས་ཐེངས་བཞི་ཉིན་གཉིས་སམ་བཞིའི་ནང་ཟིན་པ་བྱ་རྒྱུ།

༨ བརྗོད་གཞི།

ཚོགས་ཐེངས་དང་པོ་གསུམ་གྱི་བརྗོད་གཞི་གོང་ལྟར་ཐོག ཚོགས་ཐེངས་བཞི་པའི་ནང་རྒྱ་གར་དབུ་ཁྲིད་ཁག་གིས་བོད་དོན་ཐོག་དགོངས་པ་བཞེས་ཚུལ་དང་གསུང་བཤད་གནང་བ། རྒྱལ་སྤྱིའི་ནང་བོད་དོན་སྐོར་གྲོས་ཆོད་དང༌། ཁྲིམས་ཡིག་གལ་ཆེ་ཁག་གི་ངོ་སྤྲོད་བྱ་རྒྱུ།

༩ ངོ་སྤྲོད་གཏམ་བཤད་བྱེད་མཁན།

ལས་འགུལ་འདིའི་ཆེད་གོང་གསལ་བརྗོད་གཞི་ཁག་གི་ཐོག་དབྱིན་སྐད་དང་ཧིན་སྐད་ཐོག་གཏམ་བཤད་ཚད་ལྡན་ཐུབ་མཁན་གྱི་མི་འགྲོ་ཉི་ཤུ་ལས་མ་ཉུང་བ་ཞིག་ལ་ཟབ་སྦྱོང་ཉིན་གཉིས་རིང་སྤྲད་དེ་གཏམ་བཤད་ཀྱི་ཟིན་བྲིས་ས་བོན་རེ་ཡིག་ཐོག་སྤྲད་ཐོག་དེ་ལ་སོ་སོས་ལེགས་བཅོས་དང༌། རྒྱས་སྤྲོས་བྱ་རྒྱུ།

གཏམ་བཤད་བྱེད་མཁན་མི་གཉིས་རེའི་ཚན་པ་རེ་བྱས་ཏེ་སློབ་གྲྭ་ཁག་ཏུ་སྐོར་བསྐྱོད་བྱ་རྒྱུ།

༡༠ ལས་རིམ་ལག་བསྟར།

རྒྱ་གར་མངའ་སྡེ་སོ་སོའི་ནང་ཡོད་པའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་ཁག་དང༌། རྒྱ་གར་དང་བོད་ཀྱི་རོགས་སྐྱོར་སྡིངས་ཆའི་ས་གནས་ཡན་ལག་ཁག དེ་མིན་ས་གནས་སོ་སོར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ལ་ས་གནས་སོ་སོའི་སློབ་གྲྭ་དང༌། གཙུག་ལག་སློབ་ཁང་བཅས་ནས་བཀའ་འཁྲོལ་ཞུ་རྒྱུ་དང༌། ཚོགས་འདུའི་གོ་སྒྲིག་བྱ་རྒྱུ་མངགས་ཏེ་ཁོ་ཚོའི་གོ་སྒྲིག་ཇི་བཞིན་ལག་བསྟར་བྱ་རྒྱུ།

༡༡ ལས་འགུལ་བསྐྱར་ཞིབ།

གཏམ་བཤད་གནང་མཁན་ཚན་པ་སོ་སོས་སློབ་ཁག་རེ་རེའི་ལས་བསྡོམས་མདོར་བསྡུས་རེ་འགོད་རྒྱུ་དང༌། དེའི་ཕྱོགས་བསྡོམས་ལས་བསྡོམས་རྒྱས་པ་ཞིག་ཟླ་བ་གསུམ་གྱི་ཐོག་འབུལ་དགོས། ཟླ་དྲུག་གི་ལས་རིམ་ཟིན་མཚམས་སྤྱི་ཡོངས་ལས་བསྡོམས་ལ་བསྐྱར་ཞིབ་ཀྱིས་དེའི་རྗེས་ལས་འགུལ་མུ་མཐུད་དགོས་མིན་ཐག་གཅོད་བྱ་རྒྱུ་དང༌། དེའི་ཆེད་ཐོག་མ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནང་སྙིང་ཚོགས་ཆུང་(Core group) དང་གོ་བསྡུར་གྱིས་ཞིབ་འཆར་བསྒྲིག་རྒྱུ།

༡༢ འགྲོ་གྲོན་དངུལ་འཆར།

༡ གཏམ་བཤད་གནང་མཁན་མི་༢༠ ཡི་ལམ་གྲོན་དང༌།

ཟུར་ཕོགས་བསྡོམས་ཧིན་སྒོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༤༠༠༠༠༠།༠༠

༢ ཟླ་དྲུག་ནང་གཏམ་བཤད་པ་ཚོ་ཁག་བཅུས་སློབ་ཁག་བཞི་བརྒྱ་ཙམ་ལ་

བསྐྱོད་ཐུབ་པའི་རོབ་རྩིས་ཀྱིས་ཚོགས་འདུ་རེའི་འགྲོ་སོང་

ཚོད་དཔག་སྒོར་༡༠༠༠།༠༠ རེ་བརྩིས་སྒོར་་་་་་་་་་་་་་་་་་་་་་་་་་་་་་་༤༠༠༠༠༠།༠༠

༣ པར་རིས་འགྲེམས་སྟོན་ཡོ་ཆས་ཆ་ཚང་བཅུ་ལ་སྒོར་་་་་་་་་་་་་་་་་་་་་་་༡༥༠༠༠།༠༠

༤ ཙག་ཙིག་འགྲོ་གྲོན་གཞན་སྒོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༥༠༠༠།༠༠

ཁྱོན་བསྡོམས་སྒོར་༨༣༠༠༠༠།༠༠

༢༠༠༨ ཕྱི་ཟླ་༣ ཚེས་༡༠ རྗེས་ལ་བཟོ་འགོད་གནང་བ་ཞིག་རེད་འདུག