སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་སློབ་སྦྱོང་དབུ་འཛུགས་མཛད་སྒོར་གསུང་བཤད་གནང་བ།

༄༅།། ༢༠༡༥ ཕྱི་ཟླ་ ༡ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷག་པའི་རིགས་བདག་ (Chancellor) གི་ཚུལ་དུ་སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་དུས་ཐུང་སློབ་གཉེར་དབུ་འཛུགས་ཉིན་མོར་ཆེད་ཕེབས་གནང་ཞིང་།Sanchi-3ཐོག་མར་མཛད་སྒོའི་སྐུ་མགྲོན་གཙོ་བོ་མདྷྱ་པྲདེཤ་གཞུང་གི་ཤིང་ནགས་བློན་ཆེན་ཌོཀ་ཊར་གཽརཱི་ཤངྐར་མཆོག་དང་། ཚོགས་གཙོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་གནད་ཡོད་རྣམས་ཀྱིས་ལྷ་མོ་དབྱངས་ཅན་མའི་སྐུ་བརྙན་མདུན་མར་མེ་དང་མེ་
ཏོག་ཕུལ་བ་དང་། དེ་ནས་གཙུག་ལག་སློབ་ཁང་གི་རིགས་བདག་སློབ་དཔོན་ཤ་ཤི་པྲབྷཱ་ཀུམཱར་མཆོག་གིས་སྐུ་མགྲོན་གཙོ་བོ་དང་ཚོགས་གཙོ་གཉིས་ལ་མེ་ཏོག་གི་ཕྲེང་བ་ཕུལ་རྗེས་དགའ་བསུའི་གསུང་བཤད་གྲུབ་མཚམས། ཚོགས་གཙོ་ལྷག་པའི་རིགས་བདག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་བར་སློབ་སྦྱོང་མགོ་འཛུགས་མ་ཐུབ་པའི་སེམས་ངལ་དེ་ད་རིང་སངས་ཚུལ་དང་། རང་ཉིད་ལྷག་པའི་རིགས་བདག་ཏུ་ (Chancellor) བསྐོ་ཚུལ་གྱི་བྱུང་རིམ། ད་ལྟ་གནས་སྐབས་ཚུགས་སའི་ཁོར་ཡུག་ཡིད་འཕྲོག་པ་ཡོད་ཚུལ། གཙུག་Sanchi-5ལག་སློབ་ཁང་འདིའི་འཛུགས་སྐྲུན་གྱི་ཐུན་མིན་དགོས་དམིགས། སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་སོགས་གསུངས་པ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་གཙུག་ལག་སློབ་ཁང་འདི་བཞིན་ཧ་ཅང་གལ་ཆེ་ལུགས་སྐོར་དང་། སློབ་གཉེར་བ་གསར་ཞུགས་རྣམས་ནས་རང་གི་ངོ་སྤྲོད། སྐུ་མགྲོན་གནད་ཡོད་རྣམས་ལ་ཕྱག་རྟགས་གསོལ་བསྩལ། མཐར་སྤྱི་ཚོགས་འབྲེལ་ལམ་དོ་དམ་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲུབ། དེ་ནས་གནད་ཡོད་སྐུ་མགྲོན་རྣམས་ནས་གཙུག་ལག་སློབ་ཁང་ནང་ཤིང་སྣ་འདེབས་འཛུགས་གནང་བ་དང་། དབུ་འཛུགས་མཛད་སྒོ་དེར་མདྷྱ་པྲདེཤ་གཞུང་གི་ཤིང་ནགས་བློན་ཆེན་ཌོཀ་ཊར་གཽརཱི་ཤངྐར་མཆོག་དང་། གཙུག་ལག་སློབ་ཁང་གི་རིགས་བདག་སློབ་དཔོན་ཤ་ཤི་པྲབྷཱ་ཀུམཱར། རིགས་དྲུང་རཱཇེཤ་གུཔྟཱ། རཱཡ་སེན་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ། དེ་བཞིན་མངའ་སྡེ་གཞུང་གི་ལེགས་བྱང་བློན་ཆེན་ལྷན་ཁང་གི་དཔོན་རིགས་རྣམས་དང་། ཤེས་ཡོན་པ། གསར་འགོད་པ་སོགས་ཕེབས་འདུག