སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།

བློ༵་གྲོས་མཆོག་གི་སྣང་བ་དཀར་པོས་ཤེས་བྱའི་པད་ཚལ་གྲོལ་བར་མཛད། །
མཁས་བཙུན་བཟ༵ང་པོའི་ཟིལ་མངར་བཅུད་ཀྱིས་སྐྱེ་དགུའི་ཡིད་དབང་གཅིག་ཏུ་འཕྲོག །
བསྟ༵ན་སྲིད་དཀྱིལ་འཁོར་སྟོབས་ཀྱིས་འཛི༵ན་ལ་རྨད་བྱུང་མཛད་བཟང་གང་གིས་བསྐྱངས། །
དགུང་གྲངས་དོན་ལྔའི་སྐལ་བཟང་དུས་ལ་སྒོ་གསུམ་མེ་ཏོག་གུས་པས་མཆོད། །

༄༅། །བསླབ་གསུམ་ནོར་གྱིས་ཐུགས་རྒྱུད་ལེགས་པར་བལྟམས་ཤིང་། གནའ་དེང་ཤེས་བྱའི་མཁའ་ལ་མཁས་པའི་ཁྱུ་མཆོག་༸སྐྱབས་རྗེ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་ལ་ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་མ་ཡོངས་ནས་དད་གུས་སྤྲོ་གསུམ་སྒོས། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གྲངས་མེད་ཞུ་བ་དང་། སླད་མར་ཡང་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། རླབས་ཆེན་ཐུགས་དགོངས་ཀྱི་མཛད་བཟང་རྣམས་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཟང་པོ་དང་བཅས། བོད་རྒྱལ་ལོ་ ༢༠༤༡ ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༧ བཟང་པོར་གུས་ཕུལ། །