ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་བོད་ཀྱི་རིག་གཞུང་དང། སྐད་ཡིག ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱེད་རྒྱུའི་ལས་འཆར་འདི་ཕྱི་ལོ་༢༠༡༤ཟླ་༡༡ཚེས་༥ཉིན་ཪིན་པོ་ཆེ་མཆོག་དགུང་གྲངས་༧༥ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དྲ་གནས་འདི་དབུ་འབྱེད་གནང་བྱས་ཡོད་པ་རེད

Lha Logoལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་ཀྱི་ཡོད་པ་དང༌། ཚོགས་པ་འདི་ཉིད་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་གསར་འཛུགས་བྱས་ཤིང༌། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པར་ངོས་འཛིན་གྱིས་འབྲེལ་ཡོད་ཡིག་ཆ་བཀའ་ཁྲོལ་ཐོབ་ཡོད་པ་དང༌། དེ་བཞིན་ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་སྟོན་གྱི་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ནས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་སྤྱི་ཚོགས་ཞབས་ཞུ་བྱེད་མཁན་ཚོགས་པ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཚོགས་པའི་གཞི་རྩའི་དམིགས་ཡུལ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་བའི་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང༌། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་དང་གོ་རྟོགས་ལས་འགུལ། དྭང་བླངས་ཀྱི་འབྲེལ་མཐུད། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང༌། གྱོན་གོས། སྨན་སོགས་ཞལ་འདེབས། རིག་གཞུང་བརྗེ་རེས། བོད་དོན་དྲིལ་བསྒྲགས་ཆེད་ཟླ་རེའི་ཨིན་ཡིག་དུས་དེབ་རིན་མེད་པར་སྐྲུན། ཟས་བཅུད་ལྡན་པའི་ཞལ་ལག་དང་འཐུང་ཆུ་གཙང་མའི་མཐུན་རྐྱེན་རོགས་རིམ་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱས་དང་བྱེད་མུས་ཡིན།
ཞིབ་ཕྲ་ཚོགས་པའི་ལས་འཆར་དང་ལས་དོན་སྐོར་གཤམ་གསལ་དྲ་རྒྱར་གཟིགས་རོགས་ཞུ། www.lhasocialwork.org