དཔལ་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་།

༄༅། །སློབ་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ད་ཕན་བོད་གཞུང་མང་ཡོངས་ལ་སྨན་པའི་མཛད་བཟང་བླ་ན་མེད་པ་བསྐྱངས་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དགུང་གྲངས་བདུན་བཅུ་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་ཚེ་༧ཞབས་པད་ཡུན་དུ་བརྟན་པའི་སྨོན་ལམ་ཡང་དག་བཅས། རྡོ་གླིང་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་ནས་ཕྱི་ལོ་
༢༠༡༤ ཟླ་ ༡༠ ཚེས་ ༢ ལ།
བཤད་དང་སྒྲུབ་པའི་ཤིང་རྟའི་སྲོལ་ཆེན་པོས།།
འགྲོ་རྣམས་ཐར་པའི་ལམ་ལ་འདྲེན་མཛད་པའི།།
བསྟན་འཛིན་མཚུངས་པ་མེད་པའི་བཤེས་གཉེན་ཁྱེད།།
སྐུ་ཚེ་རིང་ཞིང་ཕྲིན་ལས་རྒྱས་རྒྱུར་ཅིག།