གཙུག་ལག་སློབ་ཁང་གི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་བ།

༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་གོ་སྒྲིག་འོག་ “རྒྱ་གར་བའི་དགོངས་ཚུལ་ནང་མི་རིགས་རིང་ལུགས་ཧྲིལ་པོ་National seminar 2” (Integral humanism in Indian thought) ཞེས་པའི་ཉིན་གསུམ་གྱི་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུའི་ (National seminar) དབུ་འབྱེད་ཉིན་ལྷག་པའི་རིགས་བདག་ (Chancellor) གི་ཚུལ་དུ་མཉམ་ཞུགས་གནང་འདུག

National seminar 4ཐོག་མར་སྐུ་མགྲོན་རྣམ་པས་མཆོད་མེ་ཞལ་དབྱེ་གནང་བ་དང་། དེ་ནས་ཤིས་བརྗོད་འདོན་མཚམས། སོམ་ནཱཐ་གཙུག་ལག་སློབ་ཁང་ (Somnath University) གི་རིགས་བདག་སློབ་དཔོན་ཀུཊུམྦ་ཤཱསྟྲཱི་ (Prof. Kutumbh Shastri, Vice-Chancellor) ནས་ཚོགས་འདུའི་དབུ་འབྱེད་གསུང་བཤད་དང་། སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་རིགས་བདག་སློབ་དཔོན་ཤཤི་པྲབྷཱ་ཀུམཱར་ (Prof. ShashiPrabha Kumar, Vice-Chancellor) ནས་དགའ་བསུའི་གསུང་བཤད་གནང་།

National seminar 3སཱཾཅཱི་ནང་པ་དང་རྒྱ་གར་རིག་གནས་གཙུག་ལག་སློབ་གཉེར་ཁང་ (Sanchi University of Buddhist-Indic Studies) གི་ལྷག་པའི་རིགས་བདག་ (Chancellor) སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སྟོན་གསུང་བཤད་གནང་སྟེ། སངས་རྒྱས་པ་དང་གཅེར་བུ་པ་གཉིས་འཇིག་རྟེན་གྱི་བྱེད་པ་པོ་མེད་པ་དང་འཚེ་བ་མེད་པ་ཡིན་ལུགས་དང་། མི་ཙམ་མིན་པར་སེམས་ཅན་ཐམས་ཅད་ལ་མཉམ་པར་ལྟ་དགོས་ཚུལ། མི་ཡིན་ནའང་ཕྱོགས་ཡོངས་ཀྱི་ཡར་རྒྱས་དགོས་ཚུལ། འཇིག་རྟེན་གྱི་ཀླན་ཀ་ཆེན་པོ་ལྔའི་སྐོར། མི་མཉམ་པའམ་དོ་མི་མཉམ་པ་ཆེ་ཁག་སྐོར་སོགས། བིཤྭབྷཱརཏི་ཇཻན་གཙུག་ལག་སློབ་ཁང་ (VishvaBharati Jain University) གི་རིགས་བདག་ཅརིཏྲ་པྲཉྫཱ་ (Prof. Charitra Pragya, Vice-Chancellor) ནས་གསུང་བཤད། བིཀཱནེར་གཙུག་ལག་སློབ་ཁང་ (Bikaner University) གི་རིགས་བདག་སློབ་དཔོན་ཅནྡྲཀལཱ་ (Prof. Chandrakala, Vice-Chancellor) ནས་གཙོ་སྐྱོང་གི་གསུང་བཤད། མཐར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་དབུ་འབྱེད་མཛད་སྒོ་གྲུབ་སོང་།

བགྲོ་གླེང་ཚོགས་འདུ་འདིར་གཙུག་ལག་སློབ་ཁང་གི་རིགས་བདག་ལྔ་དང་། སློབ་དཔོན་ཆེན་པོ་མང་པོ། གཞུང་ཞབས་པ། རྩོམ་པ་པོ། གསར་འགོད་པ་སོགས་མང་པོ་ཕེབས་འདུག