ཁྲལ་སྦས་བསྐུམས་ཀྱི་བྱ་སྤྱོད་ལ་ཐུགས་མ་རངས་པ་གནང་སྐོར།

བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་སྲིད་གཞུང༌། དེ་ཡང་ཞེ་དྲགས་ཀྱི་སྤོབས་པ་ཆེན་པོའི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་ང་རང་ཚོས་ཡང་ཡང་བཤད་བསྡད་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཀྱི་འོག་ལ་ཡོད་པའི་སྲིད་གཞུང་ཞིག་གི་གྲོས་ཚོགས་ནང་གྲོས་འཆར་གྱི་ཡིག་ཆ་འདིའི་འགོ་བརྗོད་དེར་གཟིགས་པ་ཡིན་ན། དེ་སྔ་ཕན་ཆད་ཕ་རན་སི་སྐུ་ཚབ་དོན་གཅོད་ཁང་གི་ཕྱག་ལས་གནང་ཕྱོགས་ག་རེ་ཡིན་པ་དེ་གསལ་པོ་ཞེ་དྲགས་བཀོད་བྱས་ཡོད་དུས་གྲོས་ཚོགས་འདི་འདྲ་ཞིག་གི་ཚོགས་གཙོ་གྲྭ་ཆས་གྱོན་མཁན་ཞིག་གིས་སྟངས་འཛིན་བྱེད་དགོས་པའི་སྐབས་ལ་སྔ་མའང་ངས་ཞུས་མྱོང༌། ཧ་ཅང་གིས་སེམས་ཀྱི་ནང་སྙིང་ལ་མདའ་ཕོག་པ་ལྟ་བུའི་ཟུག་གཟེར་ཡོང་རྒྱུའི་གནས་སྟངས་ཤིག་རེད་དེ། ད་ང་རང་ཚོ་བོད་སྤྱི་མཐུན་གྱི་བསོད་ནམས་ལ་དེ་འདྲ་ཞིག་མ་གཏོགས་མེད་པ་ཡིན་ཙང་ང་ཚོ་དེ་འདྲ་ཞིག་གི་འོག་ལོ་བཅུ་ཕྱིན་པ་རེད། ད་དུང་ཡང་ལོ་ག་ཚོད་འགྲོ་གྲབས་ཡོད་མེད་མི་ཤེས། ཡིན་ནའང་གནས་ཚུལ་དེ་ཚོ་ཚོར་སྣང་ཡོང་བའི་སྐབས་ལ་གྲོས་ཚོགས་ནང་ཚོར་སྣང་དེ་མ་བཏོན་ན་རང་ཉིད་ཀྱི་ལས་ཀ་བྱེད་སྟངས་དེ་ཕྱི་གསལ་ནང་གསལ་མེད་པ་ཆགས་ཀྱི་རེད་བསམས་ཏེ་ཞུས་པ་མ་གཏོགས་ད་ལྟ་ཞུས་པ་དེས་ཕན་ཐོགས་ཡོང་རྒྱུ་དང་མ་འོངས་པར་ཡར་རྒྱས་འགྲོ་རྒྱུའི་རེ་བ་དེ་འདྲ་ང་ལ་གང་ཡང་མེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦